47989
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྱས་པ་རྒྱུ་མཚན་དུ་བྱས་པ་ལ་བརྟེན་ནས་གཞི་ཆོས་ཅན་གང་ཡང་རུང་བའི་སྟེང་དུ་ཤུགས་ལ་བསྒྲུབ་པར་བྱ་བའི་ཆོས་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དང། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་གཉིས། མཚན་ཉིད་རིམ་པ་བཞིན། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ། དང་པོའི་མཚན་ཉིད། བྱས་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤུགས་ཀྱིས་བསྒྲུབ་བྱའི་ཆོས་སུ་བཟུང་བ། གཉིས་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། |
| Domain | ཚད་མ། |