47999
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དངོས་པོ་བྱེ་བྲག་པ་སྒྲ་ལྟ་བུ་རང་གི་རང་བཞིན་རང་ཉིད་གྲུབ་ཙམ་ནས་སྐད་ཅིག་གཅིག་ལ་མི་སྡོད་པར་འཇིག་པའི་བདག་ཉིད་དུ་གྲུབ་པར་སྟོན་པའི་ཐབས་སུ་བྱས་པ་བཀོད་པའི་རྒྱུ་མཚན་ཡང་དག་ཅིག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། གཞི་ལ་བཀར་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡིན་ན། བྱས་པ་དང་བདག་ཉིད་གཅིག་ཡིན་པས་ཁྱབ་པ་གང་ཞིག བྱས་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་དེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། |
| Domain | ཚད་མ། |