48000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱས་ལ་བསགས་པའི་ལས་ (1)
Part of speech མིང་ཚིག
Definition ཁྱད་ཆོས་དྲུག་དང་ལྡན་པའི་ལས་ཤིག་སྟེ། ཀུན་སློང་དྲག་པོས་ཆེད་དུ་བསམས་བཞིན་དུ་བྱས་པ་ཡིན་གྱི། བློ་སྔོན་དུ་མ་བཏང་བ་བབ་ཅོལ་དུ་བྱས་པ་མ་ཡིན་པ་དང་། གང་ཞིག་གིས་ཇི་ཙམ་གྱིས་དེར་འགྲོ་བར་འགྱུར་བ་རྫོགས་པར་བྱས་པ་དང་། ལས་དེ་ཡིད་ལ་བཅགས་པ་མེད་པས་མི་འགྱོད་པ་དང་། དེ་འཇོམས་བྱེད་ཀྱི་གཉེན་པོ་མེད་པ་དང་། མི་དགེ་བ་ལ་འཁོར་ཡང་མི་དགེ་བ་ཡིན་པ་དང་། རྣམ་པར་སྨིན་པ་ལས་འབྱིན་པར་ངེས་པ་བཅས་ཁྱད་ཆོས་དྲུག་ལས་སོ། །དེ་བཞིན་དགེ་བ་ལའང་ཡིན་པས་དེ་དག་བསགས་པའི་ལས་ཞེས་བྱ་བར་འགྱུར་བ་ཡིན་ནོ། །དེ་ལས་གཞན་པ་ནི་བྱས་པ་ཡིན་གྱི་བསགས་པ་མ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:བྱས་ལ་བསགས་པའི་ལས་

|; |@@@ | | }}