4803
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཉ་སྐར་ལ་བརྟེན་ནས་བཏགས་པའི་འཕགས་ཡུལ་དང་ཤམ་བྷ་ལའི་ལུགས་ཀྱི་ཟླ་མིང་ཞིག་སྟེ། ཡར་ཚེས་བཅོ་ལྔའི་མཚན་མོར་ཉ་རྒྱས་ཟླ་བ་དང་ལྷན་དུ་ནམ་སྐྱེལ་བའི་སྐར་མ་ནི་ཁྲུམས་སྟོད་ཡིན་པའི་ཚེས་ཟླ་དེའི་མིང་གི་ཐ་སྙད་ཡིན། ཟླ་བ་དེ་ནི་བོད་ཟླ་བདུན་པའི་ཚེས་བཅུ་དྲུག་ནས་བརྒྱད་པའི་བཅོ་ལྔའི་བར་ཡིན་ཡང་རྒྱུན་སྤྱོད་ལྟར་ན་བོད་ཟླ་བརྒྱད་པའི་ཚེས་གཅིག་ནས་སུམ་ཅུའི་བར་ལ་ངོས་འཛིན་བྱེད་ཅིང་། དེ་ལུགས་གཞན་དང་ལྟོ་སྦྱར་ན་འབྱུང་རྩིས་པའི་ལུགས་ཀྱི་ཕག་ཟླ་སྟེ་དགུན་ར་དང་། རྟེན་འབྲེལ་པའི་ལུགས་ཀྱི་ལེན་པའི་ཟླ་བ། བོད་རྒྱལ་པོའི་ལུགས་ཀྱི་སྟོན་ཟླ་ར་བ། ཉི་མ་གང་དུ་གནས་པའི་ཁྱིམ་གྱི་ཆ་ནས་བཏགས་པའི་བུ་མོའི་ཁྱིམ་ཟླ་བཅས་ཡིན། |
Domain | རྩིས་རིག |
{{#arraymap:ཁྲུམས་སྟོད་ཟླ་བ་
|; |@@@ | | }}