48053

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱི་ནལ་ (1)
Part of speech མིང་ཚིག
Definition གཉེན་སྒྲིག་བྱེད་མི་རུང་བ་ཤ་དང་རུས་འབྲེལ་ཡོད་པའི་བུ་བུ་མོ་ནང་སྡེབ་བྱེད་པ་ལ་ཟེར་ཞིང་། དེར་ཡང་མནོལ་ཆེ་ཆུང་གི་དབང་གིས་བྱི་དཀར་དང་། བྱི་ནག བྱི་ཁྲ་བཅས་ནང་གསེས་ཀྱི་དབྱེ་བ་གསུམ་ཡོད། སྤྱིར་བྱི་ནལ་དུ་གཏོགས་པའི་ས་མཚམས་ནི་ཕ་དང་མེས་པོ་ཡང་མེས་གསུམ། བུ་དང་ཚ་བོ་ཡང་ཚ་གསུམ། རང་ཉིད་བཅས་མི་རབས་བདུན་གྱི་ནང་ཚུན་དུ་བྱེད་ཅིང་། མི་རབས་དེའི་ནང་ཚན་དུ་ཇི་ཙམ་ཉེ་ན་དེ་ཙམ་གྱིས་སྣད་ཆེ་བས་རུས་ལ་མནོལ་གཏོང་བར་བཤད། དེ་བས་ཕོ་མོ་གཉེན་སྡེབ་བྱེད་རུང་བའི་ཐོག་མའི་ཆ་རྐྱེན་ནི་བྱི་ནལ་དུ་མི་གཏོགས་པ་ཞིག་དགོས་པ་དེ་ཡིན།
Domain རྩིས་རིག

{{#arraymap:བྱི་ནལ་

|; |@@@ | | }}