48088

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱི་རུག་ནག་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྨུག་སྙུང་རིལ་དབྱིབས་ལ་ཨ་ར་ལྟ་བུའི་རྩ་ཕྲན་ཐུང་ཐུང་མང་པོ་ཡོད་པ་དང་། སྡོང་པོ་སྨུག་པོ་ཕྲ་ལ་དྲང་བ་བྱི་རུག་སྨུག་པོ་འདྲ་བར་ཡལ་ག་ཕྲ་ལ་རིང་བ་ཁ་སྤྲོད་བྱས་ནས་གྱེས་ཤིང་ཡལ་ཕྲན་ཡང་ཁ་སྤྲོད་དུ་གྱེས་ཡོད། ལོ་མ་ལྗང་སེར་ཕྲ་ལ་ཐུང་བའི་མཐར་ཉག་ཆུང་ཡོད་པའི་རྒྱབ་སྐྱ་ཞིང་སྤུ་ཆུང་ཅན་གྱི་ངར་བ་ཐུང་བ་ཁ་སྤྲོད་བྱས་ཏེ་སྐྱེ་བ། མེ་ཏོག་སྔོ་སྨུག་མཆུ་དབྱིབས་མེ་ཏོག་སྙེ་དབྱིབས་སམ་ཁྱི་མཇུག་གི་དབྱིབས་འདྲ་བ་ཡལ་ག་དང་སྡོང་པོའི་རྩེར་འཆར། དྲི་དང་སྐྱེ་ལུགས་སོགས་བྱི་རུག་གསུམ་ཀ་ཧ་ལམ་འདྲ་བ་ཡོད།
Domain གསོ་རིག

{{#arraymap:བྱི་རུག་ནག་པོ་

|; |@@@ | | }}