48090

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱི་རུག་སེར་པོ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱ་ཨ་ར་འདྲ་བའི་རྩ་ཕྲན་ཡིན་པ་དང༌། སྡོང་པོ་ལྗང་སེར་ཕྲ་ལ་འདྲོང་ཞིང་རིང་ཐུང་ཁྲུ་གང་ལྷག་ཙམ་དང་ཐུང་བ་མཐོ་གང་ཙམ་པ་རྐང་རེ་སྐྱ་བར་ལོ་མའི་མཚམས་ནས་ཡལ་ག་རེ་རེ་གྱེས་པ། ལོ་མ་ལྗང་སེར་མཐུག་པ་མདུང་རྩེའི་དབྱིབས་ཅན་མཐར་ཉག་ཕྲན་དང་སྤུ་དཀར་འཇམ་པོ་ཡོད་པའི་ངར་པ་ཐུང་བ་ཁ་སྤྲོད་བྱས་ཏེ་སྐྱེ་བ་དང༌། མེ་ཏོག་སེར་པོ་ཆུང་བ་ཚགས་དམ་པ་སྙེ་དབྱིབས་མེ་ཏོག་བང་རིམ་གཡས་གཡོན་གྱི་ལོ་མའི་མཚམས་དང་སྡོང་བུའི་རྩེར་འཆར་ཞིང་ལོ་སྡོང་ཡོངས་ནས་དྲི་ཞིམ་མནམ་པ་སྟེ། བོད་ཡུལ་གྱིི་ས་གནས་ཕལ་ཆེ་བའི་ཆུ་མིག་གི་མཐའ་དང༌། ན་ཁ། རི་མ་ཐང་གི་ཆུ་ཡུར་ཉེ་འཁོར་སོགས་བཞའ་ཚན་ཆེ་ཙམ་ཡིན་པའི་བྱེ་ཤས་ཆེ་སར་སྐྱེ་བ་མང་བ། ལོ་སྡོང་མེ་འབྲས་ལྷན་ཅིག་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་རབ་བྱུང་ན་ཁཎྜ་བཟོ་དགོས། རོ་ཚ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་དྲོ་ལ་རྩུབ་པས་གཞང་སྲིན་དང༌། མངལ་སྲིན། པགས་སྲིན། ཕོ་སྲིན་སོགས་སྲིན་ཀུན་འཇོམས་ལ། རྨ་ལ་བཏབ་ན་འབུ་སྲུང་མཆོག་ཤ་ལ་བྱུགས་པས་འབུ་སྲུང་ཐུབ་བོ། །
Domain གསོ་རིག

{{#arraymap:བྱི་རུག་སེར་པོ་

|; |@@@ | | }}