From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཀྱང་ (1)
| Part of speech
|
ཕྲད་ཚིག
|
| Definition
|
མཐུན་པའི་ཚིག་རྒྱན་ལ་འཇུག་པ་ནི། གཞི་གཅིག་གི་སྟེང་དུ་མཐུན་པའི་ཆོས་གཉིས་སྦྱར་ཞིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་ད་བ་ས་རྣམས་ཀྱི་མཐར་ཀྱང་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
མཛེས་ཀྱང་མཛེས་ལ་འདྲ་ཡང་ཆགས་ལྟ་བུ།
|
ཀྱང་ (2)
| Part of speech
|
ཕྲད་ཚིག
|
| Definition
|
མི་མཐུན་པའི་ཚིག་རྒྱན་ལ་འཇུག་པ་ནི། གཞི་གཅིག་ལ་མི་མཐུན་པའི་ཆོས་གཉིས་སྡུད་ཅིང་ཁྱད་པར་དུ་ཚིག་མཛེས་པར་བྱེད་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་ད་བ་ས་རྣམས་ཀྱི་མཐར་ཀྱང་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
མིག་མཐོང་མེད་ཀྱང་རྣ་ཐོས་ཡོད། མཁས་ཀྱང་ང་རྒྱལ་མེད་ལྟ་བུ།
|
ཀྱང་ (3)
| Part of speech
|
ཕྲད་ཚིག
|
| Definition
|
གང་ཞིག་སྡུད་བྱེད་ཀྱི་སྒྲ་དངོས་སུ་བཀོད་ནས། བརྗོད་འདོད་ཀྱི་དོན་གཞན་ཡང་ཡོད་པར་དངོས་ཤུགས་ཅི་རིགས་སུ་སྟོན་པ་སྟེ། སྦྱོར་ཚུལ་རྗེས་འཇུག་ག་ད་བ་ས་རྣམས་ཀྱི་མཐར་ཀྱང་འཐོབ་པ་ཡིན།
|
| Keyword
|
True
|
| Example
|
བླུན་པོས་ཀྱང་ཤེས་ན་མཁས་པས་ལྟ་ཅི་སྨོས་ལྟ་བུ།
|