From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱིང་བ་ (1)
| Part of speech
|
མིང་ཚིག
|
| Definition
|
ཆུ་དང་འདམ་སོགས་ཀྱི་ནང་དུ་ནུབ་པའི་དོན་ཏེ།
|
| Example
|
རྒྱ་མཚོའི་ནང་དུ་བྱིང་བའི་གྲུ་གཟིངས་ལྟ་བུ།
|
བྱིང་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སྨན་པས་ལག་རྩར་བལྟ་སྐབས་གཏིང་དུ་སོང་ནས་ཆེར་མི་མངོན་པའི་དོན།
|
བྱིང་བ་ (3)
| Part of speech
|
མིང་ཚིག
|
| Definition
|
འབྱིང་གི་འདས་པའི་བྱ་མིང་།
|
བྱིང་བ་ (4)
| Part of speech
|
མིང་ཚིག
|
| Definition
|
སེམས་ཀྱིས་དམིགས་པ་འཛིན་པའི་འཛིན་སྟངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བའམ་དམ་པར་མི་འཛིན་པའི་སེམས་བྱུང་ཞིག དེ་ཡང་དྭངས་ཆ་ཡོད་ཀྱང༌། དམིགས་པའི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་ན་བྱིང་བར་འགྲོ། སྒྲ་བཤད་ནི། དམིགས་པའི་འཛིན་སྟངས་འཕང་དམའ་རུ་སོང་བས་ན་བྱིང་བ་ཞེས་བྱའོ། །
|
| Domain
|
ཆོས་ལུགས།
|
བྱིང་བ་ (5)
| Part of speech
|
མིང་ཚིག
|
| Definition
|
ངོ་བོ་དགེ་མི་དགེ་ལུང་མ་བསྟན་གང་རུང་ལ་དམིགས་ནས་རྣམ་པ་གསལ་ལེར་མེད་པའི་ཤེས་པ་ཞིག
|