48113

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིང་བྱིང་ཐུ་ལུ་ (1)
Part of speech མིང་ཚིག
Definition ཤོ་མོ་རྫབ་ལོག་གམ་ཨ་བོ་སྒལ་ལེབ་ཟེར་བའི་འབུ་ཞིག་སྟེ། བཀྲ་འབུམ་པས་མཛད་པའི་རྒྱུད་བཞིའི་དཀའ་འགྲེལ་ལས། བྱིང་བྱིང་ཐུ་ལུ་ནི། དབུས་པས་ཤོ་མོ་རྫོབ་ལོག་དང། ཁམས་པས་ཨ་བོ་སྒལ་ལེབ་ཅེས་ཟེར་བའི་དབྱར་དུས་ལམ་གྱི་འགྲམ་དང་ཞིང་ནང་གནས་པའི་འབུ་ནག་པོ་ལུས་ཆེ་ཞིང་རྐང་ལག་ཕྲ་བ། ནམ་མཁར་ཕྲན་ཙམ་འཕུར་ནུས་པ་ཞིག་གི་མིང་སྟེ། དེ་ལ་ཅིའི་ཕྱིར་བྱིང་བྱིང་ཐུ་ལུ་ཞེས་བརྗོད་དམ་སྙམ་ན། འབུ་དེའི་ལུས་ཆེ་ཞིང་རྐང་ལག་རྣམས་ཤིན་ཏུ་ཆུང་བས་ལུས་འོག་ནས་རྐང་ལག་རྣམས་མི་མངོན་པ་བྱིང་བར་གྱུར་པ་དང། ཐུ་ལུ་ཞེས་བེར་གྱི་བརྡ་ཡིན་པས་དེའི་ལུས་ལ་བེར་གྱོན་པ་ལྟར་གྱི་ལུས་གྲུ་བཞི་ལྷག་མེར་ཡོད་པའི་ཕྱིར་བྱིང་བྱིང་ཐུ་ལུ་ཞེས་བཏགས་པ་ཡིན་ནོ་ཞེས་གསུངས།

{{#arraymap:བྱིང་བྱིང་ཐུ་ལུ་

|; |@@@ | | }}