48147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིན་གྱིས་བརླབས་པའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། མཚན་བཅས་ཀྱི་རྣལ་འབྱོར་གསུམ་ལས་དང་པོ་སྟེ། འདིའི་དོན། དཀོན་ཅོག་འགྲེལ་ལས། དེ་ལ་བྱིན་གྱིས་བརླབས་པའི་རྣལ་འབྱོར་ནི་བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་བསྒོམས་ན། ལྕགས་ཀྱི་རིགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་དུ་འགྱུར་རོ། །ཞེས་དང་། འོད་གསལ་སྙིང་པོ་ལས། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དོན་གྱི་ལྷ་དང་། དེའི་དབང་གིས་སྣང་བ་གཟུགས་སྐུ་རྟགས་ཀྱི་ལྷ་སྟེ། དེ་ལྟ་བུའི་ལྷ་ལ་དམིགས་པ་ན། བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་བསྒོམས་ན་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་དུ་ཤེས་ནས་མོས་པས་བསྒོམ་པ་དང་པོ་(བྱིན་གྱིས་བརླབས་པའི་རྣལ་འབྱོར་)དང་། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བྱིན་གྱིས་བརླབས་པའི་རྣལ་འབྱོར་

|; |@@@ | | }}