48170
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། སྤང་ལྟུང་སུམ་ཅུའི་ནང་གསེས་ཤིག་སྟེ། གླེང་གཞི་ནི་མཉན་ཡོད་དུ་དགའ་བོས་ཆོས་གོས་བྱིན་འཕྲོག་བྱས་པ་ལས་སྤང་བའི་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་རང་རིགས་ཀྱི་ལོངས་སྤྱོད་ལ་གནོད་པ་དང་། མ་བྱིན་ལེན་པའི་རྒྱུར་འགྲོ་བའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་གོས་སམ་ལྷུང་བཟེད་དེ་གཞན་དབང་བ་ལ་རང་ཉིད་དབང་བར་འདུ་ཤེས་འཁྲུལ་བས་རྐུ་སེམས་མེད་པར་འཕྲོགས་ཏེ་ཐོབ་བློ་སྐྱེས་པ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །དགེ་སློང་གིས་དགེ་སློང་གཞན་ལ་འཚོ་བའི་ཡོ་བྱད་གོས་ལ་སོགས་པ་དང་པོར་བྱིན་ནས་སླར་འཕྲོག་པར་བྱེད་པའི་བཅས་པའི་ཁ་ན་མ་ཐོ་བ་དེ་ཡིན་ཏེ། དབྲལ་བར་བྱ་བ་དགེ་སློང་ཉིད་དོ། །དབྲལ་བར་བྱ་བ་རང་གི་ཉིད་མ་ཡིན་པའོ། །དེའམ་དེས་བསྐོས་པའི་ཞེས་པ་ནས། ལུས་ལས་ཐ་དད་པའི་དངོས་པོར་གྱུར་པ་མཐར་ཐུག་པ་ན་མཐའིའོ། །སྦྱོར་བ་ལ་ཉེས་བྱས་ཀྱིའོ། །ཞེས་དང་། ཇི་སྲིད་ཆོས་གོས་བྲལ་ཡང་ནི། །ལུས་དང་བྲལ་བར་མ་གྱུར་པ། །དེ་སྲིད་ཉེས་བྱས་ཙམ་ཡིན་ཏེ། །བྲལ་ན་སྤང་བའི་ལྟུང་བ་ཡིན། །ཞེས་གསུངས་སོ། །ལུས་ལས་བྲལ་བར་མ་གྱུར་གྱི་བར་གྱི་འཕྲོག་པའི་སྦྱོར་བ་རྣམས་ཉེས་བྱས་དང་། འཕྲོག་བྱའི་ལུས་ལས་བྲལ་བར་གྱུར་ན་དངོས་གཞི་གྲུབ་ཅིང་འཕྲོག་པ་པོ་རང་གིས་དངོས་སུའམ་གཞན་ལ་བཅོལ་བས་ཀྱང་ལྟུང་བ་བསྐྱེད་དོ། །འདིར་དོགས་པ་འདི་འབྱུང་སྟེ། བྱིན་འཕྲོག་སྤང་བའི་ལྟུང་བ་མ་བྱིན་ལེན། །ཡིན་ནམ་མིན་ན་མངོན་སུམ་ཕྲོགས་འདི་ཅི། །ཡིན་ན་རིན་ཐང་ཚང་ཚེ་ཕམ་པར་ཡང་། །འགྱུར་བའི་དོགས་པ་མཁས་པ་མི་འབྱུང་ངམ། །དེ་གོས་ཉིད་ཡིན་ནའོ། །ཞེས་གསུངས་པས་འཕྲོག་བྱ་གོས་ཁོ་ནར་ངེས་སོ་སྙམ་ན་གོས་ཉིད་མཚོན་པ་ཙམ་ཡིན་གྱིས། འཚོ་བའི་ཡོ་བྱད་གཞན་རྣམས་ལ་ཡང་འདྲ་བར་རྒྱ་ཆེར་འགྲེལ་ལས་བཤད་དོ། །འདི་ནི་དགའ་བོས་དགེ་སློང་ལ་ཆོས་གོས་བྱིན་པ་སླར་ཕྲོགས་པ་ལ་བརྟེན་ནས་བཅས་སོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:བྱིན་འཕྲོག་གི་སྤང་ལྟུང་
|; |@@@ | | }}