48185

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིན་རླབས་འབྱུང་བའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། རྒྱལ་བའི་བྱིན་རླབས་ཀྱིས་དག་པའི་ཞིང་དུ་ཕུན་ཚོགས་དྲུག་ཚོགས་ནས་འབྱུང་བའི་རྒྱུད་ཡིན་པས་བྱིན་རླབས་འབྱུང་བའི་རྒྱུད་ཅེས་བྱ། མདོ་དགོངས་པ་འདུས་པ་ལྟར་ན་སྔར་དག་པའི་ཞིང་དུ་སྟོན་པ་རྡོ་རྗེ་འཛིན་གྱིས་གསང་བདག་ལ་གསུངས་ཤིང་། ཉིད་ཀྱིས་བསྡུ་བ་མཛད་པའི་རྒྱུད་ཉིད་ལ་གོ་བར་འདུག
Example མདོ་དགོངས་པ་འདུས་པ་ལྟ་བུ་སྔར་འོག་མིན་གྱི་གནས་སུ་གསུངས་པའི་རྒྱུད་ཉིད་ཡིན་པའི་ཆ་ནས་བྱིན་རླབས་འབྱུང་བའི་རྒྱུད་དང་། དེའི་སྡུད་པོ་གསང་བདག་ཡིན། ཕྱིས་སུ་མ་ལ་ཡའི་གནས་སོགས་སུ་དམ་པའི་རིགས་ཅན་ལྔ་ལ་སྔར་གསང་བདག་ཉིད་ཀྱིས་བསྡུ་བ་མཛད་པའི་རྒྱུད་དེ་ཉིད་ལོ་རྒྱུས་ཀྱི་ཚུལ་དུ་དམ་པའི་རིགས་ཅན་ལྔ་ལ་སླར་ཡང་གསུངས་པའི་ཆ་ནས་ལུང་བསྟན་བརྒྱུད་པའི་རྒྱུད་ཡིན་ལ། དེའི་སྡུད་པ་པོ་སྲིན་པོ་བློ་གྲོས་ཐབས་ལྡན་ཡིན།
Domain ཆོས་ལུགས།

{{#arraymap:བྱིན་རླབས་འབྱུང་བའི་རྒྱུད་

|; |@@@ | | }}