48187

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱིན་རླབས་རྟགས་ཀྱི་ཕུར་པ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། བྱིན་རླབས་རྟགས་ཀྱི་ཕུར་པ་ནི། འདུས་བྱས་རྫས་ཀྱི་ཕུར་པའི་བྱེ་བྲག་སྲས་ཆོག་གི་ཕུར་པ་སྟེ། བཀའ་བརྒྱད་རྣམ་བཤད་ལས། གསུམ་པ་བྱིན་རླབས་སྲས་མཆོག་གི་ཕུར་པ་ནི་སྲས་མཆོག་རིགས་བཞིའམ་བསྡུས་ན་གཅིག་གིས་ཀྱང་རུང་སྟེ། སྟོད་ཞལ་གསུམ། མགྲིན་འོག་རྒྱ་མདུད། དེ་འོག་ལྕམ་ཞོག་བརྒྱད་དམ་རྡོ་རྗེའི་དབྱིབས། དེ་འོག་རྒྱ་མདུད་འོག་མ། དེ་འོག་ཆུ་སྲིན་གྱི་ཁ་ནས་བྱུང་བའི་དབལ་གྲུ་གསུམ་པ་ཅན་ནམ། རྩེར་རྒྱ་མདུད་ཅན་དུའང་གསུངས་ཏེ། དེ་ཉིད་སྲས་མཆོག་ཏུ་ལྷ་སྔགས་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ལ་དགྲ་བགེགས་ཀྱི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་ལས་གྲུབ་པར་བྱེད་པ་སྟེ་འདི་ལ་བྱིན་རླབས་རྟགས་ཀྱི་ཕུར་པ་ཞེས་ཀྱང་བྱའོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བྱིན་རླབས་རྟགས་ཀྱི་ཕུར་པ་

|; |@@@ | | }}