48278

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱུང་བ་འགོག་པ་ (1)
Part of speech མིང་ཚིག
Definition འགོག་རྒྱན་ཉེར་གསུམ་གྱི་ནང་གསེས་དང་པོ་སྟེ། སྔར་ནས་གྲགས་ཤིང་གྲུབ་ཟིན་པའི་དོན་དེར་མི་སྲིད་སྙམ་པའི་བློ་སྐྱེས་པ་དགག་བྱར་བྱས་ནས། དེ་འགོག་པའི་ཕྱིར་དུ་རྒྱུ་མཚན་གཞན་བཀོད་པ་ཞིག་ཡིན་ཏེ། འདི་ལ་འགྲེལ་བཤད་བྱེད་སྟངས་མི་འདྲ་བ་ཡོད་ཀྱང་འདིར་བོད་མཁས་པ་དང་ཁམས་འགྲེལ་གྱི་ལུགས་གཞིར་བཟུང་བ་ཡིན། འདི་ལ་མིང་གཞན་འདས་པ་འགོག་པ་ཡང་ཟེར།
Example བོད་མཁས་པས། མཉམ་མེད་ཐུབ་པ་མཆོག་དེས་བྱམས་པའི་མཚོན། །གཅིག་པུས་དཔུང་དང་སྡེར་བཅས་དྲེགས་པའི་བདུད། །བཅོམ་པའི་སྔོན་བྱུང་གཏམ་འདི་འུད་པོ་ཆེ། །འོན་ཀྱང་རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ། །ཅེས་པ་ལྟ་བུ།
Domain རྩོམ་རིག

{{#arraymap:བྱུང་བ་འགོག་པ་

|; |@@@ | | }}