48282
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། འདི་ལ་གནས་སྐབས་བཅུ་གཉིས་ཞེས་ཀྱང་བྱ། གང་དུ་རྨོངས་པ་གདུང་བ་སེལ་བ་ན་ཡང་བྱུང་བ་དང། གང་འཇིག་རྟེན་གྱི་སྒྲོན་མ་ཡོངས་སུ་བཀོད་པ་ན་ཡང་བྱུང་བ་དང། གང་གིས་ངེས་པ་རྙེད་པ་ན་ཡང་བྱུང་བ་དང། སྙིང་པོ་བྱང་ཆུབ་ཉིད་དུ་ངེས་པ་ན་ཡང་བྱུང་བ་དང། དགོངས་པ་ངེས་པར་འགྲེལ་པ་ན་ཡང་བྱུང་བ་དང། གདུལ་བྱའི་སྐབས་ལ་བབ་པའི་ཚེ་ན་ཡང་བྱུང་བ་དང། བྱིན་གྱིས་རླབས་ལས་སྣང་བ་ན་ཡང་བྱུང་བ་དང། བརྒྱུད་པ་ཐབས་ཀྱི་གྲགས་པ་ན་ཡང་བྱུང་བ་དང། གང་གི་ཆེད་དུ་མཛད་པ་ན་ཡང་བྱུང་བ་དང། ལུང་ཆེན་ངེས་པར་བསྟན་པ་ན་ཡང་བྱུང་བ་དང། ལས་རྒྱུད་ཡོངས་སུ་གཅོད་པ་ན་ཡང་བྱུང་བ་དང། དགོངས་པ་རྣམ་པར་བགྲོ་བ་ན་ཡང་བྱུང་བ་བཅས་བཅུ་གཉིས་སོ། །མདོ་དགོངས་པ་འདུས་པ་ལས་གསང་སྔགས་ཀྱི་ཆོས་འཇིག་རྟེན་དུ་འབྱུང་བའི་སྐབས་མི་འདྲ་བཅུ་གཉིས་གསུངས་ཤིང་རྒྱུད་དེའི་དབུ་ཞབས་རིལ་རྩ་བཤད་ཀྱི་སྒོ་ནས་བྱུང་ཚུལ་བཅུ་གཉིས་ཀྱི་ཚུལ་གསལ་བར་ཕྱེ་བ་ཡིན། |
Domain | ཆོས་ལུགས། |
{{#arraymap:བྱུང་ཚུལ་བཅུ་གཉིས་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ་དགོངས་པ་འདུས་པ་ལས་བྱེད་པ་རྐྱེན་གྱི་རྣལ་འབྱོར་སྐབས་གཞན་གྱི་དོན་དུ་བྱུང་ཞིང་འགྲོ་བའི་ཚུལ་དང་མཐུན་པའི་བྱུང་ཚུལ་བཅུ་གཉིས་སྟེ། གནས་སུ་བསྐྱོད་པ་དང། མཉམ་པར་གྱུར་པ་དང། མཛེས་པར་གཤེགས་པ་དང། སྤྲོ་བར་སྤྱོད་པ་དང། གསང་བར་སྦྱོར་བ་དང། མཚན་མ་བཅོམ་པ་དང། མཛད་པ་མེད་པ་དང། སེངྒེའི་གསུང་སྒྲ་དང། ངེས་པར་རྫོགས་པ་དང། ཚམ་ངམ་ཆེན་པོ་དང། སྤྲུལ་པ་མཛད་པ་དང། ཡོངས་སུ་དག་པ་བཅས་བཅུ་གཉིས་སོ། ། |
{{#arraymap:བྱུང་ཚུལ་བཅུ་གཉིས་
|; |@@@ | | }}