48283
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པའི་ལུང་བསྟན་བརྒྱུད་པའི་མཚན་གྱི་རྣམ་གྲངས་བདུན་པོར་བཤད་ལུགས་རྣམ་པ་བདུན་དུ་གསུངས་པའི་གསུམ་པ་སྟེ། འདི་ནི་མཚན་གྱི་རྣམ་གྲངས་བདུན་པོ་བྱུང་ཚུལ་བཅུ་གཉིས་དང་སྦྱར་ཏེ་བཤད་ཚུལ་ཡིན། དེའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གསང་བའི་ཡེ་ཤེས། ཞེས་པ་ནི་རྨོངས་པ་གདུང་བ་སེལ་བའི་བྱུང་ཚུལ་དང་བྱིན་གྱིས་རླབས་ཀྱི་བྱུང་ཚུལ་གཉིས་པོར་སྦྱར། དོན་གྱི་སྙིང་པོ། ཞེས་པ་ནི་སྙིང་པོ་བྱང་ཆུབ་ཏུ་ངེས་པའི་བྱུང་ཚུལ་དང་སྦྱར། རྡོ་རྗེ་བཀོད་པའི་རྒྱུད། ཅེས་པ་ནི་སྒྲོན་མ་ཡོངས་སུ་བཀོད་པའི་བྱུང་ཚུལ་དང༌དགོངས་པ་ངེས་པར་འགྲེལ་བའི་བྱུང་ཚུལ་གཉིས་དང་སྦྱར། རྣལ་འབྱོར་གྲུབ་པའི་ལུང༌། ཞེས་པ་ནི་གང་གིས་ངེས་པ་རྙེད་པའི་བྱུང་ཚུལ་དང་གདུལ་བྱའི་སྐབས་ལ་བབ་པའི་བྱུང་ཚུལ་གཉིས་དང་སྦྱར། ཀུན་འདུས་རིག་པའི་མདོ། ཞེས་པ་ནི་བརྒྱུད་པ་ཐབས་ཀྱི་གྲགས་པའི་བྱུང་ཚུལ་དང༌ལས་རྒྱུན་ཡོངས་སུ་གཅོད་པའི་བྱུང་ཚུལ་གཉིས་དང་སྦྱར། ཐེག་པ་ཆེན་པོ་མངོན་པར་རྟོགས་པ། ཞེས་པ་ནི་གང་གི་ཆེད་དུ་མཛད་པའི་བྱུང་ཚུལ་དང༌ལུང་ཆེན་ངེས་པར་བསྟན་པའི་བྱུང་ཚུལ་གཉིས་དང་སྦྱར། ཆོས་ཀྱི་རྣམ་གྲངས་རྣམ་པར་བཀོད་པ། ཞེས་པ་ནི་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་སྦྱར་རོ། ། |
Domain | ཆོས་ལུགས། |
{{#arraymap:བྱུང་ཚུལ་བཅུ་གཉིས་དང་སྦྱར་ཏེ་བཤད་པ་
|; |@@@ | | }}