48290

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱུང་ཤེས་ཀྱི་ལྔ་པ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལྔ་ཕྲུགས་ཉེར་གཅིག་གི་ནང་ཚན་ཞིག དེའི་ཡན་ལག་དང་གོ་དོན་བཅས་ཞིབ་པར་ནི། པཎ་ཆེན་གྱི་འདུལ་བ་ལུང་རིགས་ཉི་མ་ལས། བཅོ་བརྒྱད་པ་བྱུང་ཤེས་ཀྱི་ལྔ་པ་ཡོད་དེ། བསྟན་ཚུལ་གྱི་དབང་དུ་བྱས་ན། བྱུང་བ་དང་། བཅས་པ་དང་། རྗེས་སུ་བཅས་པ་དང་། བཀག་པ་དང་། གནང་བ་མངོན་པར་ཤེས་པ་ཉིད་དོ། །ཞེས་པའི་མདོ་ལས་བསྟན་ཅིང་བསྟན་དོན་ཡང་། བྱུང་བ་མངོན་པར་ཤེས་པ། བཅས་པ་མངོན་པར་ཤེས་པ། རྗེས་སུ་བཅས་པ་མངོན་པར་ཤེས་པ། བཀག་པ་མངོན་པར་ཤེས་པ། གནང་བ་མངོན་པར་ཤེས་པ་རྣམས་ཡིན་པའི་ཕྱིར། ཡན་ལག་དང་པོ་བྱུང་བ་མངོན་པར་ཤེས་པ་ལ་གཉིས་ཡོད་དེ། གླེང་གཞི་བྱུང་ལ་བཅས་པ་མ་མཛད་པ་ལྟ་བུ་བྱུང་ལ་མ་བཅས་པའི་བྱུང་བ་མངོན་པར་ཤེས་པ་དང། གླེང་གཞི་བྱུང་བ་ལྟར་དུ་བཅས་པ་ཡང་མཛད་པ་ལྟ་བུ་བྱུང་ལ་བཅས་པའི་བྱུང་བ་མངོན་པར་ཤེས་པ་གཉིས་ཡོད་པའི་ཕྱིར། དང་པོའི་མཚན་གཞི་ཡོད་དེ། སྲས་སྒྲ་གཅན་འཛིན་གྱིས་བསམ་བཞིན་དུ་རྫུན་སྨྲས་པ་ལ་བཅས་པ་མ་མཛད་པ་ལྟ་བུ་ཡིན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་དེ་ལ་བཅས་པ་མ་མཛད་པའི་རྒྱུ་མཚན་ཡོད་དེ། དེ་དུས་སྒྲ་གཅན་འཛིན་དགེ་ཚུལ་ཡིན་པ་གང་ཞིག །དགེ་ཚུལ་གྱི་རྟེན་ལ་དངོས་བཅས་ཀྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གང་གི་ཡང་བཅས་པ་མ་མཛད་པའི་ཕྱིར། གཉིས་པ་ཡང་ཡོད་དེ། མཚན་གཞིའི་དབང་དུ་བྱས་ན། དགེ་སློང་བཟང་སྦྱིན་གྱིས་མི་ཚངས་པར་སྤྱད་པ་ལ་བརྟེན་ནས་བཅས་པ་མཛད་པ་ལྟ་བུ་ཡིན་ཅིང་། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:བྱུང་ཤེས་ཀྱི་ལྔ་པ་

|; |@@@ | | }}