4830

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྲུས་བུམ་ (1)
Part of speech མིང་ཚིག
Definition ཁྲུས་གསོལ་དང་བྱབས་ཁྲུས་སོགས་བྱེད་པའི་ཡོ་བྱད་བུམ་པ།

{{#arraymap:ཁྲུས་བུམ་

|; |@@@ | | }}

ཁྲུས་བུམ་ (2)
Part of speech མིང་ཚིག
Definition མདོ། འདུལ་བ། བོན་ལུགས་ལ་རིན་ཆེན་རྫས་ལྔའི་ནང་ཚན་ཞིག་སྟེ། ཁྱིམ་པ་ལས་རྨད་དུ་བྱུང་བ་རྣམས་ཀྱིས་ཁྲུས་གསོལ་བྱེད་ཀྱི་རྒྱུན་མཁོའི་མཆོད་ཆའི་རིགས་ཤིག་ཡིན་ལ། དེའི་བཟོ་བྱེད་རྒྱུ་ཆ་དང་དབྱིབས་སོགས་ནི། འདུལ་བ་ཡོངས་རྫོགས་ལས་གསུང་པ་ལྟར། ཁྲུས་བུམ་གཙང་མ་པད་གདན་གནང་། ཞེས་པ། གཞི་མ་ཆོལ་ཟངས་ཞུན་མ། བསམ་གཏན་རྩ་བ་བསྡིང་པ་བརྟེན། ཞབས་པད་མ་བརྒྱད་བརྟན་དང་བཅས། ཞབས་འདེགས་པད་རིས་སོར་བདུན་ཚད། ཞབས་པད་བརྒྱད་འཁོར་ལོའི་སུམ་ཆ། ཁྲི་རྐང་སྦོམ་ཕྲ་འདེགས་དང་བཅས། བུམ་སྟོངས་འགྱིང་བཅས་ཟླུམ་དང་བཅས། དབྱིབས་ནི་ཁྱུང་གི་སྒོ་ང་བཞིན། ཆེ་ཚད་ངུར་མོའི་སྤུ་འབྱིན་ཙམ། ཆུང་ཚད་རྒོད་ཀྱི་སྒོ་ང་ཙམ། སྦོམ་པོ་གྱེན་བསྟན་ཕྲ་བ་ཐུར། པད་མ་བཅུ་དྲུག་གོ་བཀབ་བཀོད། ལྟེ་བ་སོར་ལྔ་ཀློག་ཁུག་ཅན། སྐེ་བ་སོར་དྲུག་འཁོར་ལོའི་ཁ། ཞབས་འདེགས་སྟོབས་པས་ཡིད་ཙམ་ཆུང་། སྦོམ་ཕྲ་ཁྲི་རྐང་ཡིད་སྦོམ་ཕྲ། བླ་ཁབ་ཁ་ཡི་འཁོར་ལོས་ཁེབས། མཆོད་རྟེན་སོར་གང་རྟོག་དང་བཅས། སྐེ་ལ་ཡི་གེ་དགུ་པས་བསྐོར། ཨཿཨཱོྃ་ཧཱུྃ་ཨ་ཨ་ཨཱོྃ་ཨཱོྃ་སལ་སལ་བྲུམ། ལྟོངས་(ལྟོ)ལ་ཡི་གེ་བརྒྱད་པས་བསྐོར། ཡམ་ཡམ་རམ་རམ་ཁམ་ཁམ་སྲུམ་སྲུམ། ཞབས་ལ་ཡི་གེ་བརྒྱད་པས་བསྐོར། ཨ་མུ་ལི་ས་ལེ་ཡང་ཡང་བྲུམ། ནང་གི་མཐིལ་དུ་ཡི་གེ་ཨ་ཆེན་གཅིག ནང་དུ་སྙིང་པོ་རྣམ་གསུམ། གཟུངས་ཆུ་དང་མི་འབྲལ་བར་བྱ། རི་དྭགས་ཨེ་ན་ཡ་ཡི་ཧེལ་གེ་ཁྲུ་གང་སྦག་གི་མགུལ་ན་བཏགས། དར་སྣ་ཚང་པ་ཡང་གདགས། བ་ཀར་བུ་ཞོ་གངས་ཀྱི་ཆུ། གཙང་བུམ་རྟག་ཏུ་བཅང་བར་བྱ། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཁྲུས་བུམ་

|; |@@@ | | }}