From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱེ་བྲག་ (1)
| Part of speech
|
མིང་ཚིག
|
| Definition
|
ནང་གསེས་སམ། ཁྱད་པར་གྱི་དོན་ཏེ།
|
| Example
|
སེམས་ཅན་སྤྱི་དང་བྱེ་བྲག་མིའི་རིགས་ཀྱི་བདེ་དོན་གྱི་ཆེད་ཧུར་བརྩོན་བྱེད་ལྟ་བུ།
|
| Antonyms
|
སྤྱི།
|
བྱེ་བྲག་ (2)
| Part of speech
|
མིང་ཚིག
|
| Definition
|
རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། བྱེ་བྲག་གི་མཚན་ཉིད། ཁྱོད་ཆོས་དེ་ཡིན། ཆོས་དེ་ལ་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པ་དུ་མ་གྲུབ་པ། ཞེས་གསུངས།
|
| Domain
|
ཚད་མ།
|
བྱེ་བྲག་ (3)
| Part of speech
|
མིང་ཚིག
|
| Definition
|
མཚན་ཉིད་ནི། རིགས་མི་མཐུན་དང་རིགས་མཐུན་ལས་ཀྱང་ལྡོག་པའི་ལྡོག་པ་གཉིས་ཚོགས་སུ་སྣང་བའི་སྒྲོ་བཏགས་སོ། །དབྱེ་བ་ལ། ཐད་ཀའི་བྱེ་བྲག་དང་། གོང་མའི་བྱེ་བྲག་གཉིས་ཡོད་པར་གསུངས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་རིགས་གཏེར་གསལ་བྱེད་ལས་སོ། །མཚན་གཞི་ནི། གོང་མའི་བྱེ་བྲག་ནི། སྔོན་པོའི་སྐད་ཅིག་སྔ་མ་དང་། བར་བ་དང་། ཕྱི་མ་ལྟ་བུའོ། །
|
| Example
|
སྔོན་པོའི་སྐད་ཅིག་སྔ་མ་ཡང་སྔོན་པོའི་སྐད་ཅིག་གི་བྱེ་བྲག་ཏུ་བཞེད་པ་ལྟ་བུའོ། །ཕྱོགས་ཐ་དད་ན་གནས་པའི་ཤ་པ་དང་། ཙན་དན་ལ་སོགས་པ་རྣམས་ཀྱི་ཐད་ཀའི་བྱེ་བྲག་གོ །ཞེས་ཀུན་མཁྱེན་རོང་སྟོན་གྱི་རིགས་གཏེར་རྣམ་བཤད་ལས་སོ། ། དབྱེ་བ་ལ། མཚན་ཉིད་པ་ལྡོག་པ་གཉིས་ཚོགས་དང་། བཏགས་པ་བ་ལོག་པ་གཉིས་ཚོགས་སོ། །དང་པོ་ནི། རྟོག་ངོར་སྤྱིར་བུམ་པ་མིན་པ་ལས་ཀྱང་ལོག ཁྱད་པར་གསེར་བུམ་མིན་པ་ལས་ཀྱང་ལོག་ཙམ་གྱི་ལྡོག་པ་གཞན་སེལ་དེའོ། །གཉིས་པ་ནི། གསེར་བུམ་རང་མཚན་པ་ལྟ་བུའོ། །ཞེས་པཎ་ཆེན་ཤཱཀ་མཆོག་གི་རྟོག་གེ་འཁྲུལ་འཇོམས་ལས་སོ། །
|