48339

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེ་བྲག་བཟང་ཟ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། བོན། བྱེ་བྲག་བཟང་ཟ་ནི། རྒྱུ་བཟང་ཟ་ཡེ་ནས་ཡེ་ཤེས། ཡེ་ཤེས་ལུས་སེམས་བོན་ཉིད་དབྱིག ལམ་བཟང་ཟ་དམའ་ལ་འཐོར་འཛིན་སྤྱོད། འབྲས་བུ་བཟང་ཟ་སྐུ་གསུམ་ཚང་། རིགས་བཙུན་ཐ་དད་བྲལ་བ་མོ། བོན་ཐམས་ཅད་མིང་དང་བྲལ་བ་མོ། བསྒོམ་བྱ་སྒོམ་བྱེད་རྟོགས་མཐའ་ནུབ། ཅེས་གསུངས་པ་ལྟར། དོན་གྱི་ཆ་ནས་གཞི་དང་ལམ་དང་འབྲས་བུ་གསུམ་ལ་སྦྱར་ཞིང་དེའི་དང་པོ་རྒྱུ་བཟང་ཟ་ནི། ཐེག་པ་ཆེན་པོའི་གཞིའམ་སེམས་ཉིད་གསལ་སྟོང་དབྱེར་མེད་ཀྱི་གནས་ལུགས་ཏེ་འཁོར་འདས་གཉིས་ཀྱི་གྲོལ་འཁྲུལ་བྱེད་པའི་སེམས་ཅན་གྱི་རྒྱུད་ཀྱི་རྒྱུ་དུས་ཀྱི་བདེ་གཤེགས་སྙིང་པོའི་དོན་བསྟན་པ་དང། ལམ་བཟང་ཟ་ནི་གཞི་དེ་ལ་ཉམས་པ་འཇུག་པའི་ཉམས་ལེན་ལ་སོགས་ཐར་ལམ་གྱི་ངོ་བོར་གྱུར་པའི་རྒྱས་འགྱུར་གྱི་རིགས་ལ་བྱེད་ཅིང་། འབྲས་བུ་བཟང་ཟ་ནི་ཐོབ་བྱ་མཐར་ཐུག་གི་སྐུའམ་སྤང་བྱ་མཐའ་དག་ལས་གྲོལ་བའི་དག་པ་གཉིས་ལྡན་གྱི་བོན་དབྱིངས་ལ་གོ་ཞིང་དེ་ཡང་གཅིག་དང་ཐ་དད་ལ་སོགས་པའི་ཐ་སྙད་དང་བྲལ་ཞིང་བསྒོམ་བྱ་སྒོམ་བྱེད་གཉིས་སུ་མེད་པའི་དོན་བསྟན་པ་ཡིན།
Domain ཆོས་ལུགས།

{{#arraymap:བྱེ་བྲག་བཟང་ཟ་

|; |@@@ | | }}