48353

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེ་བྲག་སྨྲ་བའི་སོར་སྡོམ་ (1)
Part of speech མིང་ཚིག
Definition མཚན་ཉིད་ནི། བྱེ་བྲག་སྨྲ་བ་ལྟར་ན། ཉེས་པར་སྤྱོད་པ་ལས་མི་མཐུན་ཕྱོགས་ཀྱི་དངོས་གཞི་ཡིན་པའི་གཟུགས་དགེ་བ་གང་ཞིག ཁམས་གོང་མའི་སེམས་དང་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་མ་ཡིན་ ( སངས་རྒྱས་ཀྱི་ཤཱི་ལ་དང་ཉམས་པའི་ཤཱི་ལ་དང། ལུས་ངག་གི་རིག་བྱེད་ཀྱི་གཟུགས་ལ་ཁྱབ་བོ། །ཚུལ་ཁྲིམས་ལས་གཞན་པ་ལུས་ངག་གི་དགེ་བ་ནི། དེའི་ཡན་ལག་ཡིན་གྱི་དངོས་གཞི་མིན་ནོ། །) པའོ། །ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །
Domain ཆོས་ལུགས།

{{#arraymap:བྱེ་བྲག་སྨྲ་བའི་སོར་སྡོམ་

|; |@@@ | | }}