48356

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེ་བྲལ་ལྔ་ (1)
Part of speech མིང་ཚིག
Definition ལོ་འགྲོས་བཅུ་གཉིས་ལས་བྱ་སྤྲེལ་གཉིས་ལ་འབྱུང་བ་ལྔའི་དབང་ཐང་སྦྱར་བ་ཤིང་གི་བྱ་སྤྲེལ་དང་། མེ་ཡི་བྱ་སྤྲེལ། ས་ཡི་བྱ་སྤྲེལ། ལྕགས་ཀྱི་བྱ་སྤྲེལ། ཆུ་ཡི་བྱ་སྤྲེལ་བཅས་ལྔ་ལ་ཟེར་བ་ཡིན། གལ་སྲིད་བརྩི་བྱ་ཕོའི་ལོག་མེན་ལོ་བྱ་དང་མོའི་ལོག་མེན་ལོ་སྤྲེལ་ལ་བབས་ན་བྱ་བྲལ་གྱི་སྒོ་ཕྱེ་ཞེས་ཟེར་ཞིང་། དུས་དེར་གྲོགས་དང་བཟའ་ཚང་སོགས་ལ་འབྲལ་ཉེན་ཆེ་བས་འཐབ་རྩོད་འཁོན་རེས་སྤང་དགོས་ལ། ནད་ངོ་བཙོག་རྩོད་ཡང་ཡོད་པས་རྣམ་འཇོམས་གསེར་འོད་དང་། བྱེ་བྲལ་གྱི་གཏོ། རང་འཐག་ཁ་ཕྱེས་ནས་ཞག་གསུམ་འཇོག་པ། དབང་ཕྱུག་ཟོར་མདོས་བཅས་ཀྱི་བཅོས་རིམ་ལ་འབད་དགོས། ཁྱད་པར་དུ་ཤིང་གི་བྱ་སྤྲེལ་ལ་བབས་ན་ཕ་མིང་དང་། མེ་ཡི་བྱ་སྤྲེལ་ལ་བབས་ན་མ་སྨད། ས་ཡི་བྱ་སྤྲེལ་ལ་བབས་ན་མ་སྲུ། ལྕགས་ཀྱི་བྱ་སྤྲེལ་ལ་བབས་ན་ཟས་ནོར། ཆུ་ཡི་བྱ་སྤྲེལ་ལ་བབས་ན་བྱ་བྱེད་བཅས་ངན་པས་དེ་དག་ལ་བྱེ་བྲལ་གྱི་སྒོ་ཕྱེ་ཞེས་ཟེར་བ་ཡིན། བརྩི་བྱའི་ལོ་ཁམས་ཅི་ཡིན་དང་གནམ་ལོར་གང་ཤར་ལ་བལྟ་མི་དགོས་པར་སྐྱེས་པ་དག་རང་ལོ་བརྒྱད་དང་། ཉི་ཤུ། སོ་གཉིས། ཞེ་བཞི། ང་དྲུག རེ་བརྒྱད། བརྒྱད་ཅུ་སོགས་ལ་སོན་དུས་དེར་བྱེ་བྲལ་གྱི་སྒོ་ཕྱེ་ཞིང་། བུད་མེད་དག་རང་ལོ་གཅིག་དང་། བཅུ་གསུམ། ཉེར་ལྔ། སོ་བདུན། ཞེ་དགུ། རེ་གཅིག དོན་གསུམ། གྱ་ལྔ་སོགས་ལ་སོན་དུས་དེར་བྱེ་བྲལ་གྱི་སྒོ་ཕྱེ་བ་ཡིན།
Domain རྩིས་རིག

{{#arraymap:བྱེ་བྲལ་ལྔ་

|; |@@@ | | }}