48363

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེ་མདོ་གཉིས་ཀྱི་བསྙེན་གནས་ལེན་པའི་ཡུལ་ (1)
Part of speech མིང་ཚིག
Definition བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་རིགས་བདུན་དུ་མ་ཟད། བསྙེན་གནས་ཀྱང་དགེ་སློང་ལས་ལེན་ཏེ། འདུལ་བ་ལས་བསྙེན་པར་མ་རྫོགས་པ་དག་ནི། བསྙེན་པར་རྫོགས་པའི་དགེ་འདུན་གྱིས་ཡོངས་སུ་གཟུང་བ་ཙམ་མོ་ཞེས་གསུངས་པ་ལྟར། བསྙེན་པར་མ་རྫོགས་པ་དག་གིས་གཞན་ལ་སྡོམ་པ་འབོགས་པ་མི་དབང་བའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:བྱེ་མདོ་གཉིས་ཀྱི་བསྙེན་གནས་ལེན་པའི་ཡུལ་

|; |@@@ | | }}

བྱེ་མདོ་གཉིས་ཀྱི་བསྙེན་གནས་ལེན་པའི་ཡུལ་ (2)
Part of speech མིང་ཚིག
Definition མདོ་སྡེ་པ་ནི་ཡུལ་དགེ་སློང་ཁོ་ན་ལས་ལེན་པའི་ངེས་པ་མེད་དེ། དྲང་སྲོང་གནས་འཇོག་གིས་ཞུས་པའི་མདོ་ལས། དགེ་སྦྱོང་ངམ་བྲམ་ཟེའམ། རབ་ཏུ་བྱུང་བ་ཆོ་ག་ཤེས་པ་གཅིག་གི་གམ་དུ་སོང་སྟེ། ཞེས་བཤད་པ་དང་། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། རང་གི་འཁོར་འབངས་རྣམས་བསྙེན་གནས་ལ་བཀོད་པར་གསུངས་པ་རྣམས་སྒྲ་ཇི་བཞིན་དུ་འཆད་པའི་ཕྱིར་རོ། །ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །

{{#arraymap:བྱེ་མདོ་གཉིས་ཀྱི་བསྙེན་གནས་ལེན་པའི་ཡུལ་

|; |@@@ | | }}