48374
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བརྒྱད་པའི་མེ་སྦྲུལ་ཕྱི་ལོ་ ༡༤༩༧ ལོར་བྱེ་རི་སྟག་རྩེའི་སྟག་གི་གྲོང་དུ་འཁྲུངས། མདོ་སྔགས་རིག་གནས་ཀུན་ལ་སྦྱངས། རྒྱུད་སྨད་པའི་འཆད་ཉན་པ་ཡུན་རིང་མཛད། བྱང་རྩེའི་འཆད་ཉན་ཡང་བསྐྱངས། ལྔ་བཅུ་པ་རབ་བྱུང་དགུ་པའི་མེ་རྟ་ཕྱི་ལོ་ ༡༥༤༦ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་གསུམ་རིང་བསྐྱངས། མདོ་སྔགས་ཀྱི་འཆད་ཉན་གོང་འཕེལ་བཏང། ང་གཉིས་པ་རབ་བྱུང་དགུ་པའི་ས་སྤྲེལ་ཕྱི་ལོ་ ༡༥༤༨ ལོར་སྐུ་གཤེགས། དངུལ་གདུང་ལི་མ་ལྷ་ཁང་གི་ཤར་གྱི་གཙོ་བོའི་གཡོན་ལྔ་པར་བཞུགས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་བཅོ་བརྒྱད་པ་ཡིན། |
{{#arraymap:བྱེ་རི་རྒྱལ་མཚན་བཟང་པོ་
|; |@@@ | | }}