48398

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེད་པ་དག་པ་ (1)
Part of speech མིང་ཚིག
Definition ལྔ་བསྡུས་ཀྱི་ནང་ཚན་ཞིག་སྟེ། དེའི་ལོངས་སྤྱོད་ནི་ཡུལ་དུས་གཉིས་ལས་དུས་ཀྱི་ལོངས་སྤྱོད་ཡིན་ལ། དེ་ཡང་ཉིན་ཚེས་གཉིས་ལས་ཚེས་ཀྱི་ལོངས་སྤྱོད་ཡིན་པ་དང་། འདས་ལུས་གཉིས་ལས་ལུས་པ་མ་འོངས་སྤྱད་འགྱུར་གྱི་ལོངས་སྤྱོད་ཡིན་ལ། ཡུན་ཚད་ནི་སྔ་མའི་བྱེད་པའི་ལོངས་སྤྱོད་དེས་ཕྱི་མའི་བྱེད་པའི་ལོངས་སྤྱོད་ལ་ཕྲི་ལྷག་ལ་གང་བྱུང་བ་དེ་དེའི་ཡུན་ཚད་ཡིན་ལ། ཡང་ན་སྐབས་དེའི་ཚེས་ལོངས་ཡུན་ཚད་ཕྱེད་དུ་བགོས་པའི་ཆ་དེ་དེའི་ཡུན་ཚད་ཡིན། རིགས་ལྡན་སྙིང་ཐིག་ལས། བྱེད་པ་རྐང་པར་བཅས་པ་ཡི། །གང་བརྩིའི་ཚེས་ལོངས་དེ་དང་དེ། །ཕྱེད་མར་གཏུབས་པའི་ཆ་རེ་ནི། །བྱེད་པ་རེ་ཡི་ལོངས་སྤྱོད་དེ། །བརྟག་ཐབས་ཚེས་ལོངས་སྔ་མ་ཡིས། །མཁའ་རོའི་སྟེང་ནས་ཕྲི་བའི་ལྷག །ཉིན་ཞག་སྔ་མར་འདས་ཟིན་ཡིན། །ལྷག་དང་ད་ལྟའི་ཚེས་ལོངས་གཉིས། །བསྲེས་ལ་མིག་གིས་བགོས་ཐོབ་ནོར། །དུས་དེའི་བྱེད་པའི་ལོངས་སྤྱོད་དེ། །སྔ་ཆར་སྔ་མའི་ཚེས་ལོངས་དག །རྫོགས་ནས་དེ་ཡི་ཡུན་དུ་སྤྱོད། །ཕྱི་ཆར་ཚད་དེ་རྫོགས་པ་ནས། །བྱེད་པ་འཆར་བར་ཤེས་པར་བྱ། །ཞེས་གསུངས།
Domain རྩིས་རིག

{{#arraymap:བྱེད་པ་དག་པ་

|; |@@@ | | }}