48429

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེད་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་ལ་གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་བསྐྱེད་པའི་ནུས་པ་ཡོད་པར་མཚོན་པའི་སྦྱོར་བ་ཞིག་ལ་བྱེད་མཚན་ཞེས་བརྗོད། མཚོན་ཚུལ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་ངོ་བོ་ཉིད་ཀྱི་རྣལ་འབྱོར་བཅུ་དྲུག་མཚན་གཞི། གཞན་དོན་སྒྲུབ་པའི་བྱེད་ལས་ཁྱད་པར་ཅན་དང་ལྡན་པའི་སྦྱོར་བར་མཚོན། ཕན་བདེ་སྐྱོབ་པ་སོགས་བྱེད་པ་བཅུ་གཅིག་པོ་གང་རུང་དང་ལྡན་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་ཅེས་སོ། །དབྱེ་ན་བྱེད་མཚན་བཅུ་གཅིག ས་མཚམས་ཐེག་ཆེན་མཐོང་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Domain ཆོས་ལུགས།