48430

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྱེད་མཚན་བཅུ་གཅིག་ (1)
Part of speech མིང་ཚིག
Definition ༡ སེམས་པའི་གཞི་ཤེས་སྦྱོར་བས་སེམས་ཅན་ཐམས་ཅད་ཐར་པའི་བདེ་བ་ལ་འགོད་པས་ཕན་པ། ༢ སྡུག་བསྔལ་དང་ཡིད་མི་བདེ་བ་ཞི་བ་སོགས་ཚེ་འདིའི་བདེ་བ། ༣ འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་བསྐྱབས་པ། ༤ མྱང་འདས་ལ་འགོད་པའི་སྐྱབས་ཀྱི་བྱེད་པ། ༥ སྡུག་བསྔལ་གྱི་རྒྱུ་བཟློག་པའི་གནས་ཀྱི་བྱེད་པ། ༦ འཁོར་འདས་དོན་དམ་པར་རོ་མཉམ་དུ་རྟོགས་པའི་དཔུང་གཉེན་གྱི་བྱེད་པ། ༧ གཞན་དོན་རྟོགས་པའི་གླིང་གི་བྱེད་པ། ༨ དོན་གཉིས་གྲུབ་པའི་ཡོངས་འདྲེན་གྱི་བྱེད་པ། ༩ སེམས་ཅན་གྱི་དོན་ལྷུན་གྲུབ་བྱེད་པ། ༡༠ ཐེག་པ་གསུམ་གྱི་འབྲས་བུ་དུས་མ་ཡིན་པར་མངོན་དུ་མི་བྱེད་པ། ༡༡ ཆོས་ཐམས་ཅད་ཇི་བཞིན་སྟོན་པའི་འཇིག་རྟེན་གྱི་རྟེན་བྱེད་པ།
Domain ཆོས་ལུགས།