From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
བྱེད་རྒྱུ་ (1)
| Part of speech
|
མིང་ཚིག
|
| Definition
|
ལས་དོན་ནམ་བྱ་བའི་དོན་ཏེ།
|
| Example
|
ཚོགས་གཙོས་བྱེད་རྒྱུའི་ལས་དོན་ལ་ལས་ཀ་བ་དཀྱུས་མས་ཐེ་གཏོགས་མི་དགོས། མི་རིགས་ཀྱི་དོན་དུ་ལས་ཀ་བྱེད་རྒྱུ་བྱུང་ན་ཤི་ཡང་འགྱོད་པ་མེད། ད་དུང་བྱེད་རྒྱུ་མང་པོ་ལྷག་ཡོད་ཅེས་པ་ལྟ་བུ།
|
བྱེད་རྒྱུ་ (2)
| Part of speech
|
མིང་ཚིག
|
| Definition
|
མདོ། མངོན་པ། འདུས་བྱས་རང་ཉིད་སྐྱེ་བ་ལ་གེགས་མི་བྱེད་པའི་རང་ལས་གཞན་པའི་ཆོས་མཐའ་དག་འདུས་བྱས་རང་ཉིད་ཀྱི་བྱེད་རྒྱུ་ཡིན་ཏེ། མཚན་ཉིད། སེར་སྨད་རྒྱལ་དབང་མཛོད་ལས། འདུས་བྱས་གང་ཞིག ། རང་ཉིད་སྐྱེ་བ་ལ་གེགས་མི་བྱེད་ཅིང༌། རང་ཉིད་ལས་གཞན་པའི་ཆོས་དེ། ཆོས་དེའི་བྱེད་རྒྱུའི་མཚན་ཉིད། དེ་ལ་ནུས་ལྡན་དང༌། ནུས་མེད་གཉིས། ཆོས་དེ་ལ་ཕན་འདོགས་བྱེད་དེ། ཆོས་དེའི་བྱེད་རྒྱུ་ནུས་ལྡན་དང༌། ཆོས་དེ་སྐྱེ་བ་ལ་གེགས་མི་བྱེད་པ་ཙམ་མམ། དེ་ལ་ཕན་གནོད་མེད་པར་གནས་པའི་ཆོས་དེ། དེའི་བྱེད་རྒྱུ་ནུས་མེད་དང༌། ཆོས་དེ་སྐྱེ་བ་ལ་གེགས་བྱེད་པའམ། ཆོས་དེ་ལ་གནོད་བྱེད་རྣམས་ཆོས་དེའི་བྱེད་རྒྱུ་ནུས་ལྡན་དང༌། ནུས་མེད་གང་ཡང་མ་ཡིན་པར་ཁས་བླངས་ན་གོང་གི་རིགས་པའི་གནོད་བྱེད་རྣམས་མི་འཇུག་གོ། །བྱེད་རྒྱུ་ནུས་མེད་བྱེད་རྒྱུར་ཁས་བླངས་ཀྱང་མི་འགལ་ལ། བྱེད་རྒྱུ་བཏགས་པ་བ་ཡིན་པས་བྱེད་རྒྱུ་དངོས་མ་ཡིན་པར་འདོད་ཀྱང་སྐྱོན་མེད་ཅིང༌། བྱེད་རྒྱུ་ནུས་ལྡན་ནུས་མེད་གང་ཡིན་ཀྱང་ཆོས་དེ་སྐྱེ་བ་ལ་གེགས་མི་བྱེད་པ་ཞིག་ནི་ངེས་པར་འདོད་དགོས་སོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|
བྱེད་རྒྱུ་ (3)
| Part of speech
|
མིང་ཚིག
|
| Definition
|
ཕན་འདོགས་བྱེད་དང་དེའི་རིགས་གནས་གང་རུང་དུ་དམིགས་པ། བྱེད་རྒྱུའི་མཚན་ཉིད། འདུས་བྱས་ལས་ཐ་དད་ཀྱང་ཡིན། འདུས་བྱས་སྐྱེ་བ་ལ་གེགས་མི་བྱེད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། འདུས་བྱས་ཀྱི་བྱེད་རྒྱུའི་མཚན་ཉིད། དེས་ན་འདུས་བྱས་དང་ཐ་དད་ཡིན་ན། འདུས་བྱས་ཀྱི་བྱེད་རྒྱུ་ཡིན་པས་ཁྱབ་སྟེ། དེ་ཡིན་ན། འདུས་བྱས་སྐྱེ་བ་ལ་གེགས་མི་བྱེད་པའི་ཆོས་ཡིན་དགོས་པའི་ཕྱིར་ཏེ། རང་འགྲེལ་ལས། རང་གི་ངོ་བོ་མ་གཏོགས་པ་ཆོས་ཐམས་ཅད་ནི་འདུས་བྱས་ཀྱི་བྱེད་རྒྱུའི་རྒྱུན་ཡིན་ནོ། སྐྱེ་བ་ལ་གེགས་མི་བྱེད་པའི་ངོ་བོར་གནས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དེ་ལ་དབྱེ་ན། བྱེད་པ་དང་བཅས་པའི་བྱེད་རྒྱུ་དང་། བྱེད་པས་སྟོང་པའི་བྱེད་རྒྱུ་གཉིས། དང་པོ་དང་འདུས་བྱས་དོན་གཅིག གཉིས་པ་དང་འདུས་མ་བྱས་ཀྱི་ཆོས་དོན་གཅིག དེས་ན་གཞི་གྲུབ་ན། བྱེད་རྒྱུ་ཡིན་པས་ཁྱབ་བོ། །
|