48490
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། རིགས་དྲུག་གི་ནང་གསེས་བྱོལ་སོང་ནི། རྒྱུ་གཏི་མུག་གི་ལས་བསགས་པས་འབྲས་བུ་གླིང་བར་གྱི་མུན་པ་དང་མུན་པ་ཆེན་པོའི་ནང་དུ་བདེ་བ་མེད་པར་གནས་ཏེ་རྐང་མེད་དང་རྐང་བཞི་རྐང་མང་ལ་སོགས་གཅིག་གིས་གཅིག་ལ་འཚེ་བ་དང་བཟའ་བ་དང་གནོན་པ་ལ་སོགས་པའི་སྡུག་བསྔལ་མྱོང་བའི་ངན་འགྲོའི་ནང་ཚན་ཞིག་སྟེ། ཀུན་འབྱུང་དབྱིངས་དག་ལས། བྱོལ་སོང་བདེ་བྲལ་སྡུག་བསྔལ་ཆེ། གཅིག་ཤ་གཅིག་ཟ་བཀོལ་སྤྱོད་གསོད། བླུན་པས་ཚ་གྲང་བཀོལ་སྲན་ཆེ། ཞེས་གསུངས་པ་ལྟར། བདེ་བའི་མིང་ཙམ་ཡང་ཐོས་པ་མེད་ཅིང་རྒྱུན་ཏུ་སྡུག་བསྔལ་ཁོ་ནས་མནར་ཏེ་སེམས་ཅན་གྱི་རིགས་ཆེ་བ་དང་ཆུང་བ་ལ་སོགས་པས། གསོན་པོ་ཡང་གཅིག་ཤ་གཅིག་གིས་ཟ་ནས་བཀོལ་སྤྱོད་དམ་བེད་སྤྱོད་བྱེད་ནས་གཅིག་གིས་གཅིག་གསོད་པའི་བྱོལ་སོང་ནི་གླིང་བར་གྱི་མུན་པ་དང་མུན་པ་ཆེན་པོའི་ནང་དུ་གནས་པའི་སེམས་ཅན་ཞིག་ཡིན། སྤྱིར་བྱོལ་སོང་ལ་རིགས་དྲུག་ཡོད་པ་ནི། བར་ཏི་ཀ་ལས། བྱོལ་སོང་གི་ལྷ། བྱོལ་སོང་གི་ལྷ་མིན། བྱོལ་སོང་གི་མི། བྱོལ་སོང་གི་བྱོལ་སོང་། བྱོལ་སོང་གི་ཡི་དྭགས། བྱོལ་སོང་གི་དམྱལ་བ་དང་དྲུག་གསུངས་སོ། ། |
| Domain | ཆོས་ལུགས། |