48499

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲ་ཉེ་མཁན་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་མེ་སྤྲེལ་ཕྱི་ལོ་ ༡༨༣༦ ལོར་མདོ་སྨད་ཁ་གྱར་ཡབ་མགོན་པོ་དོན་གྲུབ་དང་། ཡུམ་སྒྲོལ་མ་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་གནང་། ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་རབ་ཏུ་བྱུང་། མཚན་ལ་ངག་དབང་ཐུབ་བསྟན་རྒྱ་མཚོ་ཞེས་གསོལ། བཅུ་གཅིག་པར་སྡེ་ཁྲི་འཇམ་དབྱངས་ཐུབ་བསྟན་ཉི་མ་དང་། རྗེ་ཤེས་རབ་རྒྱ་མཚོ་རྣམ་པ་གཉིས་ལས་བསྡུས་གཞུང་། གཞུང་ཆེན་ལྔ་ལ་ཐུགས་བརྩོན་མཛད། ཉི་ཤུ་པར་ཀུན་མཁྱེན་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་ལས་བསྙེན་པར་རྫོགས། ཉེར་བདུན་པར་དཀའ་རམས་པའི་གྲྭ་སྐོར་མཛད། བཞི་བཅུ་པར་རྒྱ་ནག་པེ་ཅིང་མཁར་དུ་བྱོན། སྟོང་འཁོར་སྤྲུལ་སྐུ་དང་། ཁྲི་རྒྱ་ནག་པའི་སྤྲུལ་སྐུ་རྣམ་གཉིས་དང་མཇལ། ཕན་ཚུན་ཆོས་འབྲེལ་མཛད། ཞེ་བཞི་པར་དབུས་ཀྱི་སེ་འབྲས་དགེ་གསུམ་ལ་མཆོད་མཇལ་བསྙེན་བཀུར་ཞུས། རྒྱལ་བ་ཐུབ་བསྟན་རྒྱ་མཚོ་དང་། ཁྲི་ཆེན་ངག་དབང་ནོར་བུ་རྣམ་གཉིས་ལས་ཆོས་འབྲེལ་གསན། སྣར་ཐང་བསྟན་འགྱུར་ཆ་ཚང་གཅིག་རང་དགོན་དུ་སྤྱན་ཞེ་དྲུག་པར་བྲ་ཉེ་གསང་སྔགས་དར་རྒྱས་གླིང་གི་མཁན་པོ་གནང་། མདོ་སྔགས་ཆོས་ཀྱི་འཆད་ཉན་སྤེལ། ང་བཞི་པ་རབ་བྱུང་བཅོ་ལྔ་པའི་ས་གླང་ཕྱི་ལོ་ ༡༨༨༩ ལོར་སྐུ་གཤེགས། གསུང་རྩོམ་ནི་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་ལམ་རིམ་གཉིས་དང་འབྲེལ་བའི་སྨོན་ལམ་གྱི་རྒྱ་ཆེར་འགྲེལ་བ་གསང་གསུམ་རྒྱན་གྱི་སྣང་བ་དང་། ས་ལམ་རྣམ་གཞག་བློ་གསལ་མགུལ་རྒྱན། གངས་ལྗོངས་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་ལ་བསྟོད་པའི་ཚིགས་བཅད་ཀ་ལ་པིངྒའི་སྒྲ་དབྱངས་ཀྱི་འགྲེལ་བ་བདུད་རྩིའི་འཁྲི་ཤིང་བཅས་ཆོས་ཚན་སུམ་ཅུ་སོ་གཉིས་ལོངས་པའི་པོད་བཞི་བཞུགས།
Synonyms ཉང་འབན་ངག་དབང་ཐུབ་བསྟན་རྒྱ་མཚོ།

{{#arraymap:བྲ་ཉེ་མཁན་པོ་

|; |@@@ | | }}