48501
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དུས་རབས་བཅུ་བདུན་པའི་སྨད་དུ་འཁྲུངས། གཞོན་དུས་ནས་སེར་བྱེས་གྲྭ་ཚང་དུ་ཞུགས། གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་མཐར་ཕྱིན་པ་མཛད། དགེ་བཤེས་ཀྱི་མཚན་བཏགས་ཀྱང་བཞེས། ཞོགས་དོན་ཡོད་མཁས་གྲུབ་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་ཀུན་ལ་མཁས་པར་སྦྱངས། གསུང་རྩོམ་ནི་བླང་དོར་རྣམ་པར་ཕྱེ་བའི་གཏམ་ཀུན་བཟང་ལམ་སྲོལ་དང་། ཏིང་ངེ་འཛིན་སྒྲུབ་ཐབས་ཏིང་འཛིན་རྒྱན་གྱི་སྣང་བ། བྱང་ཆུབ་ལམ་རིམ་གྱི་ཉམས་ཁྲིད་བྱང་ཆུབ་རྒྱན་ཕྲེང་། བྱང་དཀའ་བའི་སྙན་ཚིག་དབྱངས་ཅན་ངག་གི་རོལ་མཚོ། བསྟན་འབར་མའི་ཚིག་དོན་གསལ་བར་བྱེད་པའི་རྣམ་བཤད་ཐེག་མཆོག་རྒྱན་གྱི་ཕྲེང་བ། བོད་ཀྱི་བརྡའི་བསྟན་བཅོས་སུམ་ཅུ་པའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན། རྟགས་མཇུག་བཤད་སྦྱར་ཚིགས་བཅད་མ། དག་ཡིག་སྨྲ་བའི་སྒྲོན་མེ། །སྒྲའི་ང་རོ་འདྲེན་ཚུལ་རྨད་བྱུང་དོན་གྱི་བདུད་རྩིའི་རོ་འཛིན་བཅས་པོད་གཅིག་བཞུགས། |