48543

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་གཡབ་བློ་བཟང་བསྟན་པ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གཅིག་པའི་ཆུ་ཕག་ཕྱི་ལོ་ ༡༦༨༣ ལོར་ཁམས་གོ་འཇོ་ལྷ་ཐོག་ཏུ་འཁྲུངས། གཞོན་དུས་ནས་དབུས་ཀྱི་གསང་ཕུར་བཞུགས་ནས་སློབ་གཉེར་མཛད། ཁྲི་ཆེན་སྦྱིན་པ་རྒྱ་མཚོ་དང་། བཀའ་འགྱུར་བློ་བཟང་ཆོས་འཛིན་སོགས་བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་སྦྱངས་པ་རྣལ་མ་མཛད། འཆད་རྩོད་རྩོམ་གསུམ་གྱིས་དུས་འདས། ང་བདུན་པ་རབ་བྱུང་བཅུ་གཉིས་པའི་ས་ལུག་ཕྱི་ལོ་ ༡༧༣༩ ལོར་སྐུ་གཤེགས། གསུང་རྩོམ་ནི་ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་པར་ཐར་པ་ལེགས་བཤད་ཉིན་མོར་བྱེད་པ། མཁས་པའི་གཙུག་རྒྱན་རྒྱལ་ཚབ་ཆེན་པོ་དར་མ་རིན་ཆེན་གྱི་རྣམ་པར་ཐར་པ་ཡོན་ཏན་ཆུ་གཏེར། འཛམ་གླིང་གི་རྒྱན་མཁས་གྲུབ་ཆེན་པོ་དགེ་ལེགས་དཔལ་བཟང་པོའི་རྣམ་པར་ཐར་པ་རིན་ཆེན་འབྱུང་གནས། རྒྱལ་བ་ལྔ་པའི་རིགས་གསུམ་སྤྱི་སྒྲུབ་ཀྱི་རྣམ་བཤད་ཆེན་མོ་ཕན་བདེའི་འབྱུང་གནས། ཡི་དམ་ཆོས་སྐྱོང་གི་བསྟོད་ཚོགས་འཕྲིན་ལས་ལྷུན་གྲུབ་བཅས་ཆོས་ཚན་བཅོ་བརྒྱད་ལོངས་པའི་བྲིས་མ་པོད་གཅིག་བཞུགས།