48549
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ་རྒྱུད་རིན་པོ་ཆེའི་མཛོད་དེབ་གཟུགས་གླེགས་བམ་གཉིས་པ་ལས་བྱུང་བ་སྟེ། དང་པོ་ཁ་དོག་ནི། ༡ དམར་བའི་ཁ་སྲིན་གྱི་བྱེ་བས་བུ་ཚན་ལ་ཤི་བ་དང་གྲི་ཤི་མང་། ༢ དམར་ལ་རྩུབ་ན་རྨ་ངོ་དང་ཁྲག་ངོ་། ༣ སྤྱང་ལྟོགས་འདྲ་བས་ཆུང་སྲི་ལྡང་། ༤ སྔོ་སྐྱ་དང་ཐལ་སྐྱས་བསེ་རགས་ཀྱིས་གནོད། ༥ སེར་ནག་སྟུག་པོས་གཅོང་ནད་མོད་པ། ༦ དཀར་གསེབ་དཀར་པོས་རྗེས་འབངས་ཀྱིས་རྗེ་གསོད། ༧ ནག་གསེབ་དཀར་པོས་རྗེས་འབངས་གསོད། ༨ སྐྱ་བོ་གཟང་རིང་གིས་ལྷ་གདོན་གནོད། ༩ དཀར་སེར་སྔོན་པོ་དང་འདྲེས་པ་ངན་པའོ། །གཉིས་པ་དབྱིབས་ནི ། ༡ མི་ཧྲེང་ཁུས་འདེབས་འདྲ་བ་ངན། ༢ ཕག་མོ་ངུས་འདྲ་ངན། ༣ སྲིན་མོའི་གདོང་འདྲ་ངན། ༤ གཅན་གཟན་མཆེ་བ་འདྲ་བ་ངན། ༥ ངུས་པའི་མཆི་རྗེས་འདྲ་བ་ངན། ༦ བྲད་པའི་སྡེར་རྗེས་འདྲ་བ་ངན། ༧ འབྲང་རྒྱས་འདྲ་ན་ཚེ་སྟོད་བཟང་ལ་ཚེ་སྨད་ངན། ༨ རྩེ་མོ་དཀར་དམར་གཉིས་ཕ་སྤུན་འཁྲུག ༩ གཤིན་རྗེ་ཁྲོས་འདྲས་ཕུང་སྲི་ལྡང་། ༡༠ སྤྲང་པོ་ཟོ་བ་ཐོགས་འདྲ་ངན། ༡༡ མི་ཧྲེང་བྲོས་ཁུར་བ། ཐང་བཟན་ཞིང་འདྲ། ཤ་རི་སྒོག་པ་འདྲ་བས་མི་སྒབ་འཆད། ༡༢ སྤྲེལ་གདོང་འདྲ་ན་ནང་དམེ་ཡོང་། ༡༣ ཟངས་ཁ་སྦུབས་འདྲ་བ་ངན། ༡༤ སྒོ་ཐད་གོམ་པ་ཉེར་ལྔའི་ས་ན་ཝ་འཇམ་འདྲ་ནི་འཕུང་སྲི་ཡིན། ༡༥ དུར་གྱི་གཉའ་བར་ཕ་བོང་སྤྱང་ཀི་འདྲ་བ་ནི་འཕུང་སྲི་ཡིན་པའོ། ། |
| Domain | ཆོས་ལུགས། |