48563
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བྲག་དམར་དབང་ཆེན་ཞེས་པའི་སར་རིག་འཛིན་རྒྱ་མཚོས་གཙུག་ལག་ཁང་བཞེངས། བླ་མ་རིག་འཛིན་རྒྱ་མཚོ། ཀུན་བཟང་ཁྱབ་གདལ་ལྷུན་གྲུབ་སོགས་སྐྱེས་ཆེན་དུ་མས་བསྐྱངས། སྐུ་རིམ་བདུན་སྒྲུབ་གཅིག བདུད་ཕུར་དང་། བདེར་འདུས་གུར་དྲག འདས་མཆོད་བདུན་སྒྲུབ་གཅིག་ཞི་ཁྲོ་སྒྲུབ་མཆོད་བདུན་སྒྲུབ་གཅིག བཀའ་བརྒྱད་ཁྲོ་རོལ། ཐུགས་རྗེ་ཆེན་པོ་ཡོངས་འདུས་བདུན་སྒྲུབ་གཅིག རྡོར་སེམས་བདུན་སྒྲུབ་སོགས་ཚོགས་དུས་མཆོད་མང་དུ་ཡོད། དགོན་འདིའི་གཙུག་ལག་ཁང་རྟེན་དང་བཅས་དུས་འགྱུར་སྐབས་མིང་ཙམ་དུ་བཏང་། དེང་སྐབས་སུ་སྤྲུལ་བསྟན་འཛིན་ཕྲིན་ལས་ཡབ་ཡུམ་གྱིས་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་འདྲ་དང་སྐུ་གསུང་ཐུགས་རྟེན་མང་པོ་བཞེངས། རྡོར་སེམས་སྒྲུབ་པ་སོགས་འཚོགས་བཞིན་ཡོད། ཆོས་བརྒྱུད་ཀཿཐོག་ཡིན། |