48581

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་ཞུན་ (1)
Part of speech མིང་ཚིག
Definition ཚ་བའི་ཁུལ་གྱི་བྲག་ལས་བབས་པའི་གཤེར་ཁུའི་རིགས་ཤིག དེའི་ནང་ལ་འདྲེས་པའི་གཏེར་དངོས་མི་འདྲ་བའི་དབང་གིས་གསེར་ཞུན། དངུལ་ཞུན། ལྕགས་ཞུན། ཟངས་ཞུན། ཞ་ཞུན་སོགས་རིགས་ལྔ་ཡོད་པར་གྲགས། ཡོངས་གྲགས་སུ་སྨན་དུ་བསྡེབས་པའི་བྲག་ཞུན་ནི་བྱ་མ་བྱེའུའི་བྲུན་ལ་ངོས་འཛིན་པར་སྣང་།
Synonyms རེ་ཡཾ། ཁམས་ལྔའི་བཅུད་ལྡན། མཆིན་མཁྲིས་ནད་སེལ། མཆིན་པའི་རྩི། རྡོ་སྐྱེས། དོན་ཕན། རྡོ་བའི་ནད། བྲག་གི་རཀྟ། བྲག་གི་ཁྲག ཁྲག་འདྲ། བྲག་དར་ཡ་ཀན། བྲག་གི་བདུད་རྩི། འབྱུང་པོའི་ཁྲག རིན་ཆེན་བཅུད། ཁྲག་དར་ཡ་ཀན། ས་སྟེང་ནད་འཇོམས། སྲིད་པའི་བྱང་སེམས་དམར་པོ། སྲིད་པའི་ཁམས་དམར། ཨ་ག་ཡ། ཨ་ག་ཡ། ཨ་བ།

{{#arraymap:བྲག་ཞུན་

|; |@@@ | | }}