48613

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་སེང་སྐུ་ཕྲེང་བདུན་པ་ཕྲན་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་ (1)
Part of speech མིང་ཚིག
Definition ཁོང་གི་འཁྲུངས་ཡུལ། གཙང་རྒྱལ་རྩེ་ཁོངས་དབང་ལྡན་སྐྱིད་མཆོག་ནུབ་པ་ཞེས། སྒྱེ་འཁོར་བླ་བྲང་གསང་རབ་ལོ་ཙ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་གདུང་བརྒྱུད་སྔགས་འཆང་ཟླ་བསྟན་ཞེས་པ་དང་། ཡུམ་བག་མཆོག་གཉིས་ཀྱི་སྲས་སུ། མེ་གླང་ ༡༩༣༧ བོད་ཟླ་ ༡ ཚེས་ ༢༢ ཉིན་སྐུ་འཁྲུངས། རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་རྣམ་གཉིས་ཐུགས་དམ་རྩེ་མཐུན་གྱིས། བྲག་སེང་གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་ངོས་འཛིན་མཛད། བཀྲས་ལྷུན་དགོན་ལག་བདེ་འབྱོར་དགོན་པའི་མཁན་རིན་པོ་ཆེ་མདུན་ནས། ཡིག་འབྲི་དང་ཆོས་སྤྱོད་སོགས་ཀྱི་བློ་འཛིན་གནང་། སྐྱབས་རྗེ་ཁྲིད་དཔོན་རིན་པོ་ཆེའི་ཞལ་སློབ། ཆོས་དྲུག་དཀོན་མཆོག རྒྱལ་རྩེ་མཁན་ཟུར་རིན་པོ་ཆེ། རྒྱལ་རྩེ་རི་སྣའི་རྡོ་རྗེ་སློབ་དཔོན་སོགས་ལས། ཐུན་མོང་ཐུན་མིན་གྱི་དབང་བཀའ་ཅི་རིགས་པར་གསན། རྒྱ་དམར་གྱི་དུས་འགྱུར་དྲག་པོ་ ༡༩༥༩ ལོའི་ཟླ་བ་ ༡༢ ཚེས་ ༢༠ ཉིན་གསང་གྲོས་བྱས་ཏེ་ལ་ཆེན་བརྒྱུད་འབྲས་ལྗོངས་སྒང་ཏོག་ཏུ་བཙན་བྱོལ་དུ་འབྱོར། ༡༩༦༢ འཕགས་ཡུལ་ལྷོ་ཕྱོགས་མེ་སོར་སྦེལ་ལ་ཀུ་པི་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཁོངས་སུ་ཕེབས། ༡༩༦༥ ལོར་ལུགས་བསམ་གཞིས་རྙིང་ཀེམ་ལྔ་དྲུག་གཉིས་ཀྱི་སྤྱི་པའི་ལྷ་ཁང་གསར་བཞེངས་དང་། གྲུབ་དབང་ཤཀྱ་ཤྲིའི་གདུང་སྲས་ངག་དབང་ཡེ་ཤེས་རང་གྲོལ་རིན་པོ་ཆེའམ། ཡོངས་གྲགས་མཚན་གཞན་སྐྱབས་རྗེ་ཨ་བོ་རིན་པོ་ཆེ་ཐུན་མིན་གྱི་རྩ་བའི་བླ་མར་གཙུག་ཏུ་བསྟེན་ཏེ། རིམ་གཉིས་ཀྱི་ཁྲིད་དང་། ངེས་དོན་ཕྱག་རྒྱ་ཆེན་པོའི་སེམས་ཁྲིད་ལྟ་བའི་སྐོར་གདམས་ངག མཁའ་འགྲོའི་སྙིང་ཁྲག་ལྟ་བུ་ཟབ་ལམ་ན་རོ་ཆོས་དྲུག་དང་དབང་ཁྲིད་ལུང་སོགས་ཡོངས་རྫོགས་ཞུས། སྐྱབས་རྗེ་འཛི་སྒར་ཐུགས་སྲས་མདུན་ནས། གཅོད་ལུགས་དབང་ལུང་ཆ་ཚང་ཞུས། རྒྱལ་རྩེ་གུ་རུ་སྤྲིན་ཟམ་རིན་པོ་ཆེ། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ། སྤྱི་ནོར་གོང་ས་བཅུ་བཞི་པ་ཆེན་པོ་སོགས་ཀྱི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གཙོས་དབང་ཁྲིད་བཟླས་ལུང་མང་དུ་གསན། དཔལ་ས་སྐྱ་སྒྲོལ་མ་ཕོ་བྲང་། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ། སྨྱོ་ཤུལ་མཁན་རིན་པོ་ཆེ། ཁྲི་མཚོ་མཁན་རིན་པོ་ཆེ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། ཡོངས་འཛིན་གླིང་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་བཀའ་ཅི་རིགས་གསན། སྤྱི་ནོར་གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ ༡༩༩༣ ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ། སྤྲིན་ཟམ་རིན་པོ་ཆེ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་བློ་གྲོས་རྒྱ་མཚོ་ཟུང་གིས་འབྲུག་དཀར་རིག་གཞུང་ཚོགས་པ་བཙུགས་ནས། དཔལ་ལྡན་འབྲུག་པ་དཀར་བརྒྱུད་སྒྲུབ་བརྒྱུད་ཐོས་བསམ་དར་རྒྱས་གླིང་། ཕྱི་རྟེན་གཙུག་ལག་ཁང་དང་། ནང་རྟེན་སྐུ་གསུང་ཐུགས་ཀྱི་རྟེན་མང་བཅས་པ་གསར་བཞེངས་གནང་ནས་དེང་གི་ཆར་འཁོར་ལོ་གསུམ་གྱི་མཛད་འཕྲིན་རྒྱས་ཤིང་སྐུ་འཚོ་བཞིན་བཞུགས་པ་འདི་ཉིད་དོ། །

{{#arraymap:བྲག་སེང་སྐུ་ཕྲེང་བདུན་པ་ཕྲན་དཔལ་ལྡན་ཆོས་ཀྱི་དབང་ཕྱུག་

|; |@@@ | | }}