48617

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲག་སྐེད་རགས་དགོན་ (1)
Part of speech མིང་ཚིག
Definition དགོན་པ་འདི་ནི་བོད་དབུས་སྟོད། པ་སྣམ་རྫོང་གི་ས་ཁོངས། གནམ་ས་འོད་འབུམ་ལྷ་ཆོས་ལ་བཞུགས་ས། སེ་བྲག་སྒྲུབ་སྡེའི་ཁ་སྤྲོད་ཀྱི་རི་ལྡེབས་སུ་ཆགས་ཡོད། ཐོག་མར་ཞབས་དྲུང་ཀུན་དགའ་བསོད་ནམས་རྒྱལ་མཚན་གྱིས་ཕྱག་བཏབ་པའི་འབྲུག་པ་བཀའ་བརྒྱུད་པའི་དགོན་སྡེ་ཞིག་ཡིན། བྲག་སྐེད་རགས་ཞེས་བརྗོད་དོན་ནི། ད་ལྟ་སྒྲུབ་ཁང་ཆགས་སའི་བྲག་རི་དེའི་ཕྲེད་དུ་རི་མོ་དཀར་པོ་སྐེད་རགས་བཅིངས་པ་ལྟ་བུ་ཞིག་ཡོད་པ་དེར་གཞི་བྱས་ནས་བཏགས་པ་ཞིག་ཡིན་འདུག རྗེ་དེ་ཉིད་ནི་སྡེ་པ་སྤོས་སྐྱ་པ་ཞེས་པའི་སྡེ་པ་ཞིག་གི་ཁྱིམ་དུ་སྐུ་འཁྲུངས་ཤིང་། རྒྱལ་བའི་བསྟན་པར་ཞུགས་ཏེ་མཁས་པར་གྱུར། ཕྱིས་སུ་ཀུན་མཁྱེན་པདྨ་དཀར་པོའི་ལུང་བསྟན་ལས། རྒྱབ་རི་གདུགས་འདྲ་གཡས་རི་ཡོལ་བས་བཅད། །དེ་ན་སྒྲུབ་སྡེ་བཏབ་ན་ས་དཔྱད་བདེ། །ཞེས་པའི་ལུང་དང་མཐུན་པར་གནས་འདིར་དགོན་པ་གསར་བཞེངས་གནང་སྐབས་སྡེ་པ་སྤོས་སྐྱ་པའི་སྤུན་མཆེད་མགོན་པོ་རྡོ་རྗེ་ཞེས་པས་མཐུན་རྐྱེན་སྦྱར། དེར་སློབ་མ་བསྐྱངས་ཤིང་གདན་ས་མཛད་མཐར་གདན་ས་དེ་གར་དགོངས་པ་རྫོགས། སྐུ་ཕྲེང་གཉིས་པ། གྲུབ་དབང་རིན་པོ་ཆེ། གསུམ་པ། སྐལ་བཟང་གྲུབ་བརྒྱུད། བཞི་པ། འཇིགས་མེད་འགྲོ་བའི་བཤེས་གཉེན། ལྔ་པ། ད་ལྟའི་དགའ་ལྡན་ཆོས་རྒྱལ་དབང་པོ་འམ་མཚན་གཞན་ངག་དབང་འཇིགས་བྲལ་རྒྱ་མཚོ་སོགས་ཀྱིས་རིམ་བཞིན་གདན་ས་དེ་བསྐྱང་ཡོད་འདུག རྒྱ་དམར་གྱི་ཉམས་ཉེས་སྤྱི་མཚུངས་བཞིན་ཁོང་ཡང་སེར་ཁྱིམ་དུ་མི་བཞུགས་ཀ་མེད་དུ་གྱུར་འདུག ཕྱི་ལོ་ ༡༩༨༠ ཙམ་ནས་སླར་ཡང་ཐོས་བསམ་སྒོམ་གསུམ་གྱི་མཛད་འཕྲིན་དབུ་ཚུགས། འཕགས་ཡུལ་དུ་ལན་གཉིས་བྱོན་ནས་བསྙེན་རྫོགས་སྒྲུབ། ཕྱི་ལོ་ ༡༩༩༧ ལོར་སྔར་གྱི་དགོན་ཤུལ་རང་གར་བཞག་ཐོག་དགོན་པ་བཞེངས་མགོ་ཚུགས་ནས་ད་ལྟར་ལྷ་ཁང་ཁག་ལེགས་གྲུབ་ཟིན་པ་དང་། དེང་དུས་གྲྭ་པ་བྱེད་མཁན་དཀོན་པོ་ཡིན་སྟབས་ཕྱི་ལོ་༢༠༠༨ ལོ་ནས་ད་བར་བཙུན་དགོན་དུ་བསྒྱུར། དེང་སྐབས་དགོན་འདིར་གྲྭ་བཙུན་ཁྱོན་བསྡོམས་ཉེར་གཉིས་ཙམ་རྒྱུན་སྡོད་ཡོད་པ་བཅས་ཡིན་འདུག

{{#arraymap:བྲག་སྐེད་རགས་དགོན་

|; |@@@ | | }}