48696

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེ་ཐོས་ན་དགའ་ (1)
Part of speech མིང་ཚིག
Definition བྲམ་ཟེ་ཁ་ཐར་ཡང་ཟེར། རྟ་རྣའི་རིགས་ཀྱི་འབྱུང་ཁུང་དངོས་ཏེ། བྲམ་ཟེ་ཧཱུྃ་ཀ་རས་ལུང་བསྟན་པ་ལྟར་རྒྱ་གར་ནས་བོད་དུ་བྱོན་ཏེ། མེ་མཁའ་རྒྱ་མཚོའི་༣༢༡ པ། ཕྱི་ལོ་༩༤༤ ལ་འཛོམ་བུ་ཁར་འཛོམ་བུ་དགེ་འཕེལ་རྫོང་ཕྱག་བཏབ། དེ་ནས་སྤམ་བཙན་སོགས་ལྷ་འདྲེ་མི་བསྲུན་པ་རྣམས་ལ་བཀས་བསྒོས་ཤིང་དམ་ལ་བཏགས་པས་ཡུལ་ཕྱོགས་དེ་རུ་བདེ་སྐྱིད་ཀྱི་རང་དབང་དང་། འཚོ་རྟེན་སོ་ནམ་སོགས་ཁྱི་འཕེལ་ཁ་དར་བས་ཁ་དར་ཞེས་ཡོངས་སུ་གྲགས། རྗེ་ཉིད་བྱང་རྟ་རྣའི་འདབས་སུ་གནས་གཞི་ཆགས་པས་ས་མིང་མི་ལ་ཐོགས་ནས་རྟ་རྣ་བྲམ་ཟེ་གདུང་རྒྱུད་ཞེས་ཡེལ་གདན་རྟ་རྣའི་བསྟན་པར་མི་འབྲལ་འགྲོག་པའི་བརྒྱུད་པ་རྨད་དུ་བྱུང་བ་ཞིག་གོ །

{{#arraymap:བྲམ་ཟེ་ཐོས་ན་དགའ་

|; |@@@ | | }}