48697

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེ་དགེ་ལྡན་ (1)
Part of speech མིང་ཚིག
Definition སྔོན་གྱི་དུས་སུ་བྱུང་བའི་རྒྱུའི་ཐེག་པར་ཞུགས་པའི་བྲམ་ཟེ་ཞིག་སྟེ། སྔོན་སྐལ་ལྡན་ལས་རྒྱུད་དག་པའི་རིགས་ཅན་བྲམ་ཟས་དགེ་ལྡན་བྱ་བ་འདི་ཉིད་དང་། དགེ་སློང་གསལ་ལྡན་བྱ་བ་གཉིས་མོས་པ་སོ་སོར་སྐྱེས་ནས་གཅིག་ལ་གཅིག་གིས་མོས་དོན་འདིར་བསླབ་པས་འབྲས་བུ་གང་གིས་མྱུར་དུ་ཐོབ་པར་འགྲན་པའི་ཐ་ཚིག་བཅས་པ་ལས། བྲམ་ཟེ་དགེ་ལྡན་གང་གིས་དམན་པའི་ཐེག་པ་རྒྱུའི་ལམ་ལ་སྤྱད་ནས་མཆོད་སྦྱིན་གྱི་བྱ་བའི་ལས་ཆེན་པོར་ཞུགས། དགེ་སློང་གསལ་ལྡན་གྱིས་ཐེག་ཆེན་གསང་བའི་དོན་རྒྱ་ཆེར་ངེས་པར་ཁོང་དུ་ཆུབ་ནས་ཚོགས་ཀྱི་མཆོད་པར་བརྩོན་པ་ལས། དགེ་སློང་གསལ་ལྡན་རིགས་ཆེན་ངེས་ནས་ཚེ་གཅིག་གིས་འབྲས་བུ་མངོན་པར་བྱང་ཆུབ་པར་གྱུར་ལ། བྲམ་ཟེ་དགེ་ལྡན་ནི་གྲངས་མེད་ཀྱི་བསྐལ་པ་གསུམ་གྱིས་འབྲས་བུ་བྱང་ཆུབ་ཐོབ་པའི་ཚུལ། མདོ་དགོངས་པ་འདུས་པར་ཚོགས་ཀྱི་མཆོད་པ་བྱས་ནས་ཚེ་འདི་ཉིད་ལ་འབྲས་བུ་ཐོབ་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །

{{#arraymap:བྲམ་ཟེ་དགེ་ལྡན་

|; |@@@ | | }}