48698

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེ་དགེ་སློང་ (1)
Part of speech མིང་ཚིག
Definition སྔོན་གྱི་དུས་སུ་བྱུང་བའི་གསང་སྔགས་ལ་མོས་པའི་བྲམ་ཟེ་ཞིག་སྟེ། སྔོན་རྒྱལ་པོ་དབང་ཕྱུག་འོད་ལྡན་ཞེས་བྱ་བ་ཞིག་ལ་རྣལ་འབྱོར་ཅན་གྱི་འཁོར་ཚོམ་བུ་བཅུ་དང་བཅས་པ་ཐེག་ཆེན་ཟབ་མོའི་དོན་ལ་ཞུགས་པས་གསང་སྔགས་གསང་བའི་བྱིན་རླབས་དག་ལས། ངོ་མཚར་བའི་ཆོ་འཕྲུལ་མང་དུ་ཐོབ་པ་ཕྱོགས་ཀུན་ཏུ་གྲགས་པར་གྱུར། སྐབས་དེར་གཞན་ནས་ཡིན་པའི་རྣལ་འབྱོར་པ་བྲམ་ཟེ་དགེ་སློང་བྱ་བ་འདི་ཉིད། ཤིན་ཏུ་དགའ་བའི་སེམས་བསྐྱེད་ནས་གསང་བ་དམ་པར་ངེས་པའི་བསླབ་པ་རྣམས་ཞུ་བ་ལ་རྒྱལ་པོ་དབང་ཕྱུག་འོད་ལྡན་གྱིས་གསང་སྔགས་ཐེག་པའི་མཐར་ཐུག་འདི་ཉིད་བྱིས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གསང་ཆེན་གསང་བ་དམ་པ་ནི་རབ་ཏུ་གསང་བར་གསུངས་སོ་ཞེས་བརྗོད་དེ་གསང་སྒོ་བསྡམས་ནས་མ་གནང་། བྲམ་ཟེ་འདི་ཉིད་དད་པ་མ་ལོག་པར་འབྱོར་པའི་ཡོ་བྱད་ཅི་ཡོད་པ་ཀུན་རྒྱལ་པོ་དེ་ལ་ཕུལ་ཏེ་གསང་ཆེན་དེ་ཡི་ཡོ་བྱད་དུ་བསྔོས་ནས་ཡང་དག་པར་སྦྱར་ཞིང༌། སྐྱེས་བུ་དམ་པ་དེ་ཉིད་བཞུགས་པའི་ཡུལ་དུ་ཡིད་ཀྱིས་མངོན་པར་ཕྱོགས་ནས་དེར་དམིགས་ཏེ་རྩེ་གཅིག་པའི་སེམས་ཀྱིས་སྨོན་ལམ་མང་པོ་བརྗོད་པའི་བྱིན་རླབས་ཀྱིས། སྙིང་པོར་ངེས་པའི་རྒྱལ་པོ་དམ་པ་དང༌རྗེས་སུ་ཡི་རང་བྱེད་པའི་བྲམ་ཟེ་དམ་པ་འདི་གཉིས་འབྲས་བུ་ཐོབ་པ་ལ་མཐོ་དམན་མེད་པར་མཉམ་པ་ཉིད་དུ་གྱུར་པའི་ཚུལ། མདོ་དགོངས་པ་འདུས་པར་གསང་སྔགས་གཞུང་དུ་སྤྱོད་པ་ལ་མོས་པ་མ་བྲལ་བ་ཙམ་གྱིས་འབྲས་བུ་མཉམ་པོར་ཐོབ་པའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །

{{#arraymap:བྲམ་ཟེ་དགེ་སློང་

|; |@@@ | | }}