48699

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེ་དང་ཁྱིམ་བདག་གི་བག་མེད་པའི་ཉེས་དམིགས་ལྔ་ (1)
Part of speech མིང་ཚིག
Definition འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་མེད་པ་དང་ལྡན་ཞིང་། བག་མེད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་འགྱུར་བ། ༢ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་མེད་པ་དང་ལྡན་ཞིང་། བག་མེད་པ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུ་ཡང་རུང་། བྲམ་ཟེའི་འཁོར་དུ་ཡང་རུང་། ཁྱིམ་བདག་གི་འཁོར་དུ་ཡང་རུང་། དགེ་སྦྱོང་གི་འཁོར་དུ་ཡང་རུང། འཁོར་གང་དང་གང་དུ་འགྲོ་བ་དེ་དག་ཏུ་ཞུམ་ཞུམ་པོར་གྱུར་ནས། དགའ་བ་མེད་པ་དང་། བག་ཚ་བས་འགྲོ་བར་འགྱུར་བ། ༣ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་མེད་པ་དང་ལྡན་ཞིང་། བག་མེད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་དང་། བསྔགས་པ་མ་ཡིན་པ་དང་། གྲགས་པ་མ་ཡིན་པའི་སྒྲ་དང་། ཚིགས་སུ་བཅད་པ་གྲགས་པར་འགྱུར་བ། ༤ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་མེད་པ་དང་ལྡན་ཞིང་། བག་མེད་པ་ལ་གནས་པའི་རྒྱུས། ཡིད་ལ་གཅགས་བཞིན་དུ་དུས་བྱེད་པར་འགྱུར་བ། ༥ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་མེད་པ་དང་ལྡན་ཞིང་། བག་མེད་པ་གནས་པའི་རྒྱུས། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་བའོ། །
Domain ཆོས་ལུགས།

{{#arraymap:བྲམ་ཟེ་དང་ཁྱིམ་བདག་གི་བག་མེད་པའི་ཉེས་དམིགས་ལྔ་

|; |@@@ | | }}