48700
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ། ༡ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་ཡོད་པ་དང་ལྡན་ཞིང་། བག་ཡོད་པ་ལ་གནས་པའི་རྒྱུས་ལོངས་སྤྱོད་ཆེན་པོ་ལས་ཉམས་པར་མི་འགྱུར་བ། ༢ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་ཡོད་པ་དང་ལྡན་ཞིང་། བག་ཡོད་པ་གནས་པའི་རྒྱུས་རྒྱལ་རིགས་ཀྱི་འཁོར་དུ་ཡང་རུང་། བྲམ་ཟེའི་འཁོར་དུ་ཡང་རུང་། ཁྱིམ་བདག་གི་འཁོར་དུ་ཡང་རུང་། དགེ་སྦྱོང་གི་འཁོར་དུ་ཡང་རུང། འཁོར་གང་དང་གང་དུ་འགྲོ་བ་དེ་དག་ཏུ་ཞུམ་ཞུམ་པོ་མ་ཡིན་པ། དགའ་བ་དང་། བག་ཚ་མེད་པས་འགྲོ་བར་འགྱུར་བ། ༣ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་ཡོད་པ་དང་ལྡན་ཞིང་། བག་ཡོད་པ་ལ་གནས་པའི་རྒྱུས་ཕྱོགས་དང་ཕྱོགས་མཚམས་སུ་དགེ་བ་དང་། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་རྒྱ་ཆེན་པོར་གྲགས་པར་འགྱུར་བ། ༤ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་ཡོད་པ་དང་ལྡན་ཞིང་། བག་ཡོད་པ་ལ་གནས་པའི་རྒྱུས། ཡིད་ལ་གཅགས་མེད་པར་དུས་བྱེད་པར་འགྱུར་བ། ༥ བྲམ་ཟེ་དང་ཁྱིམ་བདག་དག་འདི་ལ་བག་ཡོད་པ་དང་ལྡན་ཞིང་། བག་ཡོད་པ་གནས་པའི་རྒྱུས། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་བའོ། ། |
| Domain | ཆོས་ལུགས། |