48710

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེ་རྣམས་ཀྱི་རྟགས་དང་ཉེས་དམིགས་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་ལས་བྱུང་བ་སྟེ། ཡང་དག་པའི་དགེ་སྦྱོང་རྣམས་ཀྱི་ཡིད་ལ་དགེ་སྦྱོང་དུ་མི་འཛིན་པ། ཚིག་གིས་དགེ་སྦྱོང་ཞེས་མི་བགྲང་བ། ཡང་སྲིད་པར་སྐྱེ་བའི་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་ལས་ཐམས་ཅད་ཀྱི་ཐམས་ཅད་དུ་ཡོངས་སུ་མ་གྲོལ་བ། དེ་བཞིན་ངན་སོང་རྣམས་ལས་ཡོངས་སུ་མ་གྲོལ་བ། བསླབ་པ་འབུལ་བའི་རྒྱུར་འགྱུར་བ། འཇིག་རྟེན་ལས་འདས་པའི་མིའི་ཆོས་འདི་ལྟ་སྟེ། ལམ་མམ། ལམ་གྱི་འབྲས་བུ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་སྐལ་བ་མེད་པ། བདེ་འགྲོར་འགྲོ་བའི་སྒོ་ནས་སློབ་པ་དང་མི་སློབ་པ་སྤངས་ཏེ། འདི་ལས་ཕྱི་རོལ་ཏུ་ཡོན་གནས་གཞན་ཚོལ་བའི་རྒྱུར་གྱུར་པ། མྱ་ངན་ལས་འདའ་བར་འགྲོ་བའི་སྒོ་ནས་དེ་བཞིན་གཤེགས་པ་སྤངས་ཏེ། འདི་ལས་ཕྱི་རོལ་པའི་སྟོན་པ་ཚོལ་བའི་རྒྱུར་འགྱུར་བ། ཕྱིར་མི་འོང་བས་སྡུག་བསྔལ་བའི་སྡུག་བསྔལ་བ་ལས་ཡང་དག་པར་འདའ་བ། ཚེ་འདི་ལ་ཀུན་ཤེས་པས་ཕུང་པོའི་ལྷག་མ་དང་བཅས་པ་ནས། སྡུག་བསྔལ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་བའི་སྐལ་བ་མེད་པ་དང་བཅུའོ། །
Domain ཆོས་ལུགས།