48711
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོན། ཡུམ་སྲས་གཤེན་གསུམ་གྱི་སློབ་མ་ལྷ་ཀླུ་མིའི་གཤེན་གསུམ་གྲགས་པའི་ནང་ཚན་ཀླུ་ཡི་གཤེན་པོ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་དེ་ཉིད་ཀྱི་ཡབ་ཡིན་པར་བཤད་དོ། །དེ་ཡང་ཡུལ་ཀླུ་ཡུལ་ནེ་ར་སེང་ཆེན། གནས་ཟི་ཏ་ཕུག་རི། སྐུ་མཁར་སྔོ་ཕུག་གཡུ་རྩེ་བྱ་བ་རུ་ཡུམ་གཉན་ལྕམ་གཟི་ལྡན་མ་བྱ་བ་ལྕམ་དུ་བཞེས་ཏེ་བཞུགས་པ་ལ་འཕྲུལ་གཤེན་སྣང་ལྡན་གྱིས་བྱིན་གྱིས་བརླབས་པའི་སྲས་སུ་ཀླུ་སྒྲུབ་ཡེ་ཤེས་སྙིང་པོ་འཁྲུངས་པར་བཤད་དོ། །གོང་གསལ་མིང་ཚིག་འགའ་ལ་འབྲི་ཚུལ་གྱི་སྒོ་ནས་དཔེ་གཞན་པའི་ནང་དུ་༼ནེ་ཏྲ་གསིང་ཆེན། ཟི་ཏི་ཕུག་རིང་། སྔོན་བུ་གཡུ་རྩེ། ༽ཞེས་པ་ཡང་འདུག་གོ ། |
| Domain | ཆོས་ལུགས། |