48723

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲམ་ཟེའུ་གདུང་གི་ལོ་རྒྱུས་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། གཉལ་སྨད་དགེ་རིའི་བྲག་ནས་བྲམ་ཟེ་པྲ་བྷཱ་ཧསྟིའི་གདུང་གཅིག་བཏོན་པ་དེའི་ལོ་རྒྱུས། ཞེས་པ་འདི་ནི། གཏེར་གཞུང་ལས། ཨོ་རྒྱན་ཆེན་པོའི་གསུང་བཞིན་བདག་དཔོན་སློབ་རྣམས་ཀྱིས་དགེ་རིའི་བྲག་ཏུ་ཟླ་བ་གཅིག་གསོལ་བ་བཏབ་ཅིང༔ མཆོད་པ་ཕུལ་ནས༔ མ་འོངས་པའི་དོན་དུ་གཏེར་དུ་སྦས༔ མ་འོངས་ལས་ཅན་གཅིག་དང་ཕྲད་ནས༔ འགྲོ་འདུལ་དུས་ཀྱི་མཐའ་ལ་རྒྱས་པར་ཤོག༔ ཅེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་དགེ་རིའི་བྲག་ནས་ཤོག་སེར་ངོས་ལས་དྲངས་པའི་བྲམ་ཟེའི་གདུང་གི་ལོ་རྒྱུས། འདིའི་ནང་དོན་ལ། བྲམ་ཟེའི་ཐུགས་ཀྱི་གདུང་འདིའི་ལོ་རྒྱུས་སངས་རྒྱས་གསང་བ་ནས། གནུབས་སངས་རྒྱས་ཡེ་ཤེས་དང་། དེ་ནས་གནུབས་ནམ་མཁའི་སྙིང་པོ་དང་། དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་ལ་ཕུལ་ཅིང་གཏེར་དུ་སྦས་པ་སོགས་ཀྱིས་ཇི་ལྟར་བརྒྱུད་ཚུལ་གྱི་ལོ་རྒྱུས་བསྟན།
Domain ལོ་རྒྱུས།

{{#arraymap:བྲམ་ཟེའུ་གདུང་གི་ལོ་རྒྱུས་

|; |@@@ | | }}