48727

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲའོ་ཆོས་ཀྱི་འབུམ་པ་ (1)
Part of speech མིང་ཚིག
Definition ཀཿཐོག་བླ་རབས་སྐབས་ཀྱི་འཆད་ཉན་མཁན་རབས་བདུན་པ་སྟེ། བུ་འབོར་བྲའོ་ཟེར་བའི་ཁྱིམ་དུ་སྐུ་འཁྲུངས། ཀཿཐོག་གི་གདན་སར་བྱོན་ནས་ཡང་ཁྲོད་དབོན་པོ་ཚུལ་ཁྲིམས་འབུམ་པ་སོགས་ལས་མདོ་རྒྱུད་སྤྱི་དང་སྔ་འགྱུར་མདོ་དང་སྒྱུ་འཕྲུལ་རྫོགས་ཆེན་སྐོར་རྣམས་ཀྱི་དབང་ཁྲིད་བཤད་འགྲེལ་མན་ངག་བཅས་ཀྱི་བརྒྱུད་པའི་ཆུ་བོ་མ་ལུས་པ་རྒྱལ་བ་ཡབ་སྲས་གསུམ་ནས་ཙ་སྡེ་བ་ནམ་མཁའ་རྡོ་རྗེ། ཉ་བྲོ་བ་དྲུང་ཐུགས་རྗེ་ཡེ་ཤེས། རྡོ་རེབ་སྟོན་པ་དབང་འབྱོར། དཔལ་འབར་ནམ་མཁའ་རྡོ་རྗེ། སྟོན་པ་མགོན་རྒྱལ། ཚུལ་ཁྲིམས་རྒྱལ་མཚན་བར་བརྒྱུད་པའི་ཆུ་བོ་ཐམས་ཅད་བུམ་པ་གང་བྱོས་ཀྱིས་ཚུལ་དུ་གསན། སླར་ཡང་དབུས་གཙང་དུ་ཕེབས་ནས་སྒྲོལ་ཆེན་བསམ་འགྲུབ་རྡོ་རྗེའི་སློབ་མ་ཟུར་མོ་དགེ་འདུན་འབུམ། དེ་ལས་ཟུར་ཤཱཀྱ་བཤེས་གཉེན་གྱིས་གསན། དམ་པ་དེ་ལས་ཟུར་པ་ཡབ་སྲས་ཀྱི་བརྒྱུད་སྲོལ་ཟུར་པའི་གདུང་བརྒྱུད་ལས་བརྒྱུད་པ་ལྟར་མདོ་དང་སྒྱུ་འཕྲུལ་སེམས་ཕྱོགས་བཅས་ཀྱི་སྨིན་གྲོལ་གདམས་ཁྲིད་ཡོངས་རྫོགས་ཐུན་མིན་སྙན་བརྒྱུད་བསྐོར་བཅས་ལེགས་པར་ཐུགས་སུ་ཆུད། སླར་ཀཿཐོག་ཏུ་བྱོན་ནས་འཆད་ཉན་གྱི་ཁུར་བཞེས། མཁས་དང་གྲུབ་པའི་སྙན་པས་ཁམས་དབུས་གཙང་གསུམ་དུ་ཁྱབ། བསྟན་དོན་རླབས་ཆེན་མཛད་པའི་སློབ་མ་མཁས་གྲུབ་ཡེ་ཤེས་རྒྱལ་མཚན། མོན་ཀཿཐོག་པ་དཀོན་མཆོག་བཟང་པོ། ཀུ་སུ་ལུ་རིན་ཆེན་དཔལ། རྔུ་པ་ཆོས་ཀྱི་རྡོ་རྗེ་སོགས་མཁས་དང་གྲུབ་པ་བསྙེས་བརྙེས་པའི་སློབ་ཚོགས་མང་དུ་བྱོན། དུས་གཅིག་ལ་དགེ་འདུན་པ་ཁྲི་ཕྲག་ལས་བརྒལ་བར་འདུས། གསང་ཆེན་བསྟན་པའི་སྙིང་པོ་མདོ་སྒྱུ་སེམས་གསུམ་གྱི་སྨིན་གྲོལ་འཆད་ཉན་གྱི་རྒྱུན་མ་ཉམས་པར་སྤེལ་ལྗོངས་འདིར་སྔ་འགྱུར་རྙིང་མའི་རིང་ལུགས་འཛིན་པ་བཞུགས་སོ་ཅོག་ཐམས་ཅད་ཀུན་མཁྱེན་ཀཿཐོག་པའི་ཆོས་བརྒྱུད་ལས་མ་འཕྲོས་པ་གཅིག་ཀྱང་མེད་པ་ལྟ་བུ་བྱུང་བ་འདི་ནི་ཕལ་ཆེར་རྗེ་འདིའི་ཕྲིན་ལས་ཀྱི་མཐུ་ཡིན་པར་ཤེས་པར་བྱའོ། །

{{#arraymap:བྲའོ་ཆོས་ཀྱི་འབུམ་པ་

|; |@@@ | | }}