4873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མངོན་པ། གཞན་རྒྱུ་མཚན་དུ་བྱས་ནས་ཉེས་སྤྱོད་ལ་འཛེམ་པའི་སེམས་བྱུང་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཁྲེལ་ཡོད་པ་གང་ཞེ་ན། གཞན་ལས་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། དེ་ཉིད་ཀྱི་ལས་ཅན་ནོ། །ཞེས་གསུངས། ངོ་ཚ་དང་ཁྲེལ་ཡོད་གཉིས་ཀྱི་ཁྱད་པར་ནི་གཉིས་ཀ་ཉེས་སྤྱོད་ལ་འཛེམ་པར་འདྲ་ཡང་། ངོ་ཚ་ནི་ཉེས་སྤྱོད་ལ་འཇུག་ཏུ་ཉེ་བ་ན་འདི་ནི་བདག་གི་བྱ་བའི་ལས་མ་ཡིན་ནོ་སྙམ་ནས་འཛེམ་པ་དང། ཁྲེལ་ཡོད་ནི་ཉེས་པ་ལ་འཇུག་ཏུ་ཉེ་བ་ན་གཞན་གྱི་སྨད་ན་མི་རུང་ངོ་སྙམ་ནས་གཞན་རྒྱུ་མཚན་དུ་བྱས་ནས་འཛེམ་པའོ། །འདི་གཉིས་ཀྱི་བྱེད་ལས་ལ་ཉེས་སྤྱོད་ལེགས་པར་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་གསུངས་པ་ནི། ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་སྡོམ་པ་ལ་ངོ་ཚ་དང་ཁྲེལ་ཡོད་གཉིས་ངེས་པར་དགོས་པའི་དོན་ཏེ། ངོ་ཚ་དང་ཁྲེལ་ཡོད་གཉིས་མེད་ན་ཉེས་སྤྱོད་གང་ཡང་སྡོམ་མི་ནུས་ཏེ་རང་གི་ངོས་ནས་རྣམ་སྨིན་ལ་འཇིགས་པ་དང་བླ་མ་དང་སྟོན་པ་སོགས་ཐུགས་ཁྲེལ་གྱི་དོགས་པ་མེད་ན་ཉེས་སྤྱོད་འགོག་པའི་ཐབས་མེད་པས་སོ། ། |
| Domain | ཆོས་ལུགས། |