48735
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། མངོན་པ། བྲལ་བ་ནི་བློ་ཡིས་ཏེ་ཤེས་རབ་ཁྱད་པར་ཅན་གྱིས་རང་གི་སྤང་བྱ་སྤངས་པས་ཐོབ་པར་བྱ་བའི་འགོག་པའོ། །ཟད་པ་ནི་འགོག་པ་དང་དོན་གཅིག་ཡིན་ལ། དེ་སྨྲོས་པ་ནི་མ་ཐོབ་པ་ཙམ་བྲལ་བ་ཡིན་པ་དགག་པའི་དོན་དུ་གང་སྤེལ་འཆད་དོ། །མཚན་གཞི་ནི་བརྟགས་འགོག་གོ ། སྒྲ་དོན་ནི་གཞི་མཐུན་པའམ། གཉེན་པོས་སྤང་བྱ་དང་བྲལ་བས་ཐོབ་པའི་འབྲས་བུ་ཡིན་པས་སོ་ཞེས་མཆིམས་བློ་བཟང་གྲགས་ཀྱི་ཆོས་མངོན་པ་གསལ་བྱེད་ལེགས་པར་བཤད་པའི་རྒྱ་མཚོ་ལས་སོ། ། བྲལ་འབྲས་ནི། རང་ཐོབ་བྱེད་ཀྱི་རྒྱུ་སོ་སོར་བརྟགས་པའི་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་ངོས་སྐལ་གྱི་སྤང་བྱ་ཟད་པའི་འགོག་པ་དེ་ལ་འཇོག་པ་ཡིན་ནོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། ། |
| Domain | ཆོས་ལུགས། |