48821

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
བྲུབ་ཁུང་ (1)
Part of speech མིང་ཚིག
Definition དངོས་པོ་གང་ཞིག་སྦ་སའི་ཁུང་བུ་སྟེ།
Example བཅའ་ལག་རྣམས་བྲུབ་ཁུང་དུ་སྦས་ལྟ་བུ།
བྲུབ་ཁུང་ (2)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བསྟན་དང་འགྲོ་བའི་དོན་ལ་གནོད་པའི་དགྲ་བགེགས་འགུགས་སའམ་བཅུག་སའི་བཙོན་དོང་ཡིན་ལ། མིང་གཞན་ལ་ཧོམ་ཁུང་དང་ཐུན་ཁུང་ཡང་བཤད་དོ། །དབྱིབས་ཟུར་གསུམ་མམ་གྲུ་གསུམ་ཞིག་བྱ་ཞིང་ཡར་ལ་གྲུ་གསུམ་སུམ་རྩིག་སོགས་གཞུང་སོ་སོའི་སྒོ་ནས་མཚོན་དོན་མི་འདྲ་བའང་ཡོད། དེ་ཡང་གསང་བ་འདུས་པ་དོན་གྱི་རྒྱུད་ལས། སྲིན་པོ་བསྒྲལ་བའི་ཨག་ཙེ་ལ། དྲག་པོ་བྲུབ་པའི་ཐུན་ཁུང་བྱས། བསད་པའི་ཐུན་ཁུང་དེ་ནས་བྱུང་། ཞེས་དང་། སྙིང་ཁར་བྲུབ་ཁུང་གྲུ་གསུམ་བྲུས། ཞེས་དང་། ཡང་། སྲིན་མོ་བསྒྲལ་བའི་ཨག་ཙེ་ལ། དགྲ་བགེགས་བསྒྲལ་བའི་ཐུན་ཁུང་བྱས། བྲུབ་ཁུང་ནག་པོ་དེ་ནས་བྱུང་། ཞེས་པས་ངེས་སོ། །
Domain ཆོས་ལུགས།